འདི་ནི་2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་ལས་སྔོན་གྱི་གསོ་སྐྱོང་སྦྱོང་བརྡར་ཚོགས་སའི་གནས་ཚུལ་གྱི་ཚོགས་ར་ཡིན།
ཟླ་7པའི་ཚེས་26ཉིན། 2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་ལས་སྔོན་གྱི་གསོ་སྐྱོང་སྦྱོང་བརྡར་ལྷ་ས་པེ་ཅིན་ཚོད་ལྟའི་སློབ་འབྲིང་དུ་འཚོགས་ཤིང་། གསར་དུ་བསྡུས་པའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་མི་1230དང་(དེའི་ནང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་མི་130འདུས་ཡོད་)ས་ཁུལ་ཁག་གི་རྣམ་གྲངས་འགན་འཁུར་པ་གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།
ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་གཞུང་ལས་ཁང་གིས་ལས་མིས་ངོ་སྤྲོད་བྱས་པར་གཞིགས་ན་ད་ཐེངས་ཀྱི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་ལས་སྔོན་གྱི་གསོ་སྐྱོང་སྦྱོང་བརྡར་སྡོམ་པའི་ཉིན་4ཡིན་ཞིང་། ཚེས་26ནས་27ཉིན་ལས་སྔོན་གྱི་གསོ་སྐྱོང་སྦྱོང་བརྡར་དང་། ཚེས་28ནས་29ཉིན་གཙོ་བོ་“གཞོན་ནུ་མར་ཁེ་སིའི་རིང་ལུགས་” གསོ་སྐྱོང་ཕྱོགས་སྟོན་དང་། གསོ་སྐྱོང་གི་ནང་དོན་གཙོ་བོ་ནི་ཏང་གི་ཚོགས་ཆེན་སྐབས་ཉི་ཤུའི་དགོངས་དོན་སྐོར་དང་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། གུང་གཞོན་སྡེ་ཚོགས་ཐེངས་བཅུ་དགུ་པའི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན ། བོད་ཀྱི་ལོ་རྒྱུས་རིག་གནས། ཡུལ་སྲོལ་གོམས་གཤིས། དཔལ་འབྱོར་དར་རྒྱས། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་སྲིད་ཇུས་གསལ་བཤད་བྱེད་པ་བཅས་ཡིན།
ཚེ་རིང་ཐར་གྱིས་བསྒྱུར།