འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་སུ་ནུབ་བསྐྱོད་དང་བླངས་པ་ཕེབས་བསུའི་དྲན་རྟེན་གྱི་པར་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།
“ནུབ་རྒྱུད་དང་གཞི་རིམ་དུ་བསྐྱོད་རྒྱུ། མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཡོད་པའི་ས་ཆར་འགྲོ་རྒྱུ་ཡིན་པས། ” ཟླ་7ཚེས་24ཉིན། 2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་སྔ་རྗེས་སུ་བོད་ལ་འབྱོར་བ་རེད། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་གཞུང་ལས་ཁང་གིས་ལས་མིས་ངོ་སྤྲོད་བྱས་པར་གཞིགས་ན་2023ལོ་ནི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ལག་བསྟར་བྱས་ནས་ལོ་20འཁོར་བ་ཡིན། ལོ་20ཡི་རིང་ཁྱོན་ཁག་20ཡི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་མི་11751བོད་དུ་ཞབས་ཞུ་བར་ཡོང་ཡོད། 2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་ཡོང་ཁོངས་དང་མི་གྲངས་ནི་པེ་ཅིང་དང་ཅང་སུའུ། ཧྲང་ཧའེ་སོགས་བོད་སྐྱོར་ཞིང་ཆེན་17དང་། ཧའེ་ནན། ཅང་ཞི། བོད་སོགས་ཞིང་ཆེན་དང་ས་ཁུལ་6ནས་མི་1230བསྡུས་པའི་ནང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ ཚོགས་པའི་མི་130ཡོད།
ཚེ་རིང་ཐར་གྱིས་བསྒྱུར།