西藏青年报藏文版གལ་ཆེའི་གསར་འགྱུར། རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་གྱིས“བསྟོད་གླུ་འབུལ་བ་གསུམ་གྱི”སྒྱུ་རྩལ་གྱི་ཏང་གི་སློབ་ཚན་འཚོགས་པ། 2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་ལས་སྔོན་གྱི་གསོ་སྐྱོང་སྦྱོང་བརྡར་ལྷ་སར་འཚོགས་པ། 2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་བོད་ལ་འབྱོར་ནས་འབྱོར་ཐོ་འགོད་བཞིན་པ། “ངའི་ཧྥུང་ཆའོ་ཡི་སྐོར་ངས་བརྗོད”ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།

放大 缩小 默认

ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ་དང་། སྲོག་ཤིང་ལ་བསྟོད་གླུ་འབུལ་བ། མི་དམངས་ལ་བསྟོད་གླུ་འབུལ་བ།

རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་གྱིས“བསྟོད་གླུ་འབུལ་བ་གསུམ་གྱི”སྒྱུ་རྩལ་གྱི་ཏང་གི་སློབ་ཚན་འཚོགས་པ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྒྱུན་གཏན་གྱི་ལས་དོན་ཟུང་འབྲེལ་བྱས་ཏེ“ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ་དང་། སྲོག་ཤིང་ལ་བསྟོད་གླུ་འབུལ་བ། མི་དམངས་ལ་བསྟོད་གླུ་འབུལ་བའི”སྒྱུ་རྩལ་གྱི་ཏང་གི་སློབ་ཚན་འཚོགས་ནས་རིག་རྩལ་བརྩམས་ཆོས་རྩེ་གྲ་བརྩམས་པ་དང་རིག་གནས་སྤུས་རྟགས་ཟམ་མི་ཆད་པར་བཏོད་དེ། འདུ་ཤེས་གསར་པ་དང་བྱེད་སྟངས་གསར་པར་བརྟེན་ནས་ཏང་གི་ལོ་རྒྱུས་འཕེལ་རིམ་ཞིབ་པར་གླེང་བ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་ཡོད་པ་རེད།

རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དང་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི“བསྟོད་གླུ་འབུལ་བ་གསུམ་གྱི”སྒྱུ་རྩལ་གྱི་ཏང་གི་སློབ་ཚན་ཡང་སྔ་རྗེས་སུ་འཚོགས་པ་རེད། མིག་སྔའི་བར་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་2023ལོའི“བསྟོད་གླུ་འབུལ་བ་གསུམ་གྱི”སྒྱུ་རྩལ་གྱི་ཏང་གི་སློབ་ཚན་ནང་དམངས་ཕན་དང་ཆེད་དོན་འཁྲབ་སྟོན་ཐེངས་18བྱས་ཏེ། ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་བསྟོད་གླུ་ཕུལ་བ་དང་ཆབས་ཅིག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། རྒྱལ་གཅེས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་སྒྱུ་རྩལ་གྱི་ཏང་གི་སློབ་ཚན་གྱི་རྣམ་པའི་ཐོག་ནས་ལྟད་མོ་བ་ཚོའི་སེམས་ནང་གཏིང་ཟབ་ཟུག་པར་བྱས་ནས་ཚང་མས་ཏང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་སྔར་བས་ཆེ་རུ་ཕྱིན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་བྱས་ཡོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明