西藏青年报藏文版ཕྱོགས་བསྡུས། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་ གཅིག་མཐུན་འདུས་གྲུབ་ཞིབ་འཇུག་ཁང་བཙུགས་པ། ལྷ་སའི་སློབ་གྲྭ་འདིར་རྒྱལ་ཁབ་རིམ་པའི་སྒོ་བྱང་བཀལ་འདུག གངས་ཤུད་ལ་མཁས་པའི་གཡུ་སྒྲོན་ལྷ་མོ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

放大 缩小 默认

གངས་ཤུད་ལ་མཁས་པའི་གཡུ་སྒྲོན་ལྷ་མོ།

འདི་ནི་ཤིན་ཅང་ཕུའུ་དབུན་རྫོང་ཁོ་ཁོ་ཐོ་མཚོའི་རྒྱལ་སྤྱིའི་གངས་ཤུད་སྤྲོ་གསེང་ཁུལ་དུ་གཡུ་སྒྲོན་ལྷ་མོ་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་ཨང་དང་པོའི་འགྲན་བསྡུར་གྱི་བར་ཐག་ཐུང་བའི་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་སྐབས་དང་པོར་ཞུགས་པ།

གཡུ་སྒྲོན་ལྷ་མོའི་ཕ་ཡུལ་ས་བབ་མཐོ་ཚད་སྨི་3600ཙམ་ཡོད་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་གནས་ཤིང་། ཉིན་བཞིན་ཡར་རྒྱས་ཡོང་ཆེད་རྩལ་ཁྲིད་པས་རེ་བ་མི་བཏོན་ཡང་རང་འགུལ་ངང་སྦྱོང་བརྡར་བྱེད་མཚམས་མི་འཇོག་པ་དང་གཟུགས་པོར་རྨ་ཡོད་ཀྱང་ན་ཟུག་བཟོད་བཞིན་སྦྱོང་བརྡར་བྱེད་ཀྱི་ཡོད། “ཕམ་ཁ་མི་འཁེལ་བ་ནི་ངའི་གཤིས་ཀ་ཡིན། གལ་ཏེ་གཞན་གྱི་མཇུག་ཏུ་ལུས་ན་ང་ལྟོ་ཡང་ཟ་མི་ཐུབ”ཅེས་གཡུ་སྒྲོན་ལྷ་མོས་བརྗོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明