西藏青年报藏文版ཕྱོགས་བསྡུས། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་ གཅིག་མཐུན་འདུས་གྲུབ་ཞིབ་འཇུག་ཁང་བཙུགས་པ། ལྷ་སའི་སློབ་གྲྭ་འདིར་རྒྱལ་ཁབ་རིམ་པའི་སྒོ་བྱང་བཀལ་འདུག གངས་ཤུད་ལ་མཁས་པའི་གཡུ་སྒྲོན་ལྷ་མོ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

1988ལོ།(2)

★ ཟླ་9ཚེས་5ཉིན། ཏེང་ཞའོ་ཕིང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཛོམས་གནང་སྐབས། མར་ཁེ་སིས་ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ཞེས་གསུངས་ཡོད། དོན་དངོས་ལས་སྐད་ཆ་འདི་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། ངས་བལྟས་ན། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དེ་རེད་འདུག་ཅེས་བསྟན་པ་རེད།

★ དེ་ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དངོས་ཞབས་དམག་དཔོན་གྱི་དམག་ཞབས་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་རེད། 2000ལོའི་ཟླ་12ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་ཞབས་དམག་དཔོན་གྱི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་རེད།

★ ཟླ་9ཚེས་12ཉིན། ཏེང་ཞའོ་ཕིང་གིས་ལས་དོན་སྙན་སེང་གསན་སྐབས།“སྤྱི་ཡོངས་གཉིས་”ཀྱི་དགོངས་པ་བཏོན་གནང་བ་རེད། ཁོང་གིས་མཚོ་རྒྱུད་ས་ཁུལ་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་མི་འབོར་དུང་ཕྱུར་གཉིས་ཡོད་པའི་ས་རྒྱུད་ཆེན་པོ་འདི་སྔོན་ལ་འཕེལ་རྒྱས་ཅུང་མགྱོགས་པོ་བཏང་ནས་ནང་ས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་དགོས། འདི་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་རེད། ནང་སས་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས། དེ་བཞིན་འཕེལ་རྒྱས་ངེས་ཅན་བྱུང་བའི་སྐབས་སུ་མཚོ་རྒྱུད་ས་ཁུལ་གྱིས་སྟོབས་ཤུགས་སྔར་ལས་ཆེ་བ་བཏོན་ནས་ནང་སའི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་དགོས། དེ་ཡང་སྤྱི་ཡོངས་ཞིག་རེད། སྐབས་དེ་དུས་མཚོ་རྒྱུད་ས་ཁུལ་གྱིས་ཀྱང་སྤྱི་ཡོངས་འདིར་བརྩི་སྲུང་ཞུ་དགོས།

★ ཟླ་9ཚེས་14ནས་27ཉིན་བར། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་འཕུར་མདེལ་བླུགས་པའི་ཉིང་རྡུལ་ཆུར་འཛུལ་དམག་གྲུས་ཤར་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་འོག་ཏུ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་གི་ཚོད་ལྟ་བྱས་པ་དང་འབྲེལ། ལེགས་གྲུབ་ཀྱང་བྱུང་བ་རེད།

★ ཟླ་9ཚེས་26ནས་30ཉིན་བར། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་དཔལ་འབྱོར་ཁོར་ཡུག་བཅོས་སྐྱོང་དང་། དཔལ་འབྱོར་སྒྲིག་ལམ་ལེགས་སྒྲིག ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བཅས་ཀྱི་མཛད་ཕྱོགས་བཏོན་པ་རེད།

★ ཟླ་10ཚེས་16ཉིན། ཀྲུང་གོའི་ནུས་ཆེའི་མགྱོགས་འདེད་འཕྲུལ་ཆས་དང་པོ་སྟེ། པེ་ཅིང་གློག་རྡུལ་ཕོ་མོ་གདོང་གཏུག་འཕྲུལ་ཆས་གདོང་ཐུག་ལེགས་གྲུབ་བྱུང་བ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明