http://zw.xzqnb.cn/Content/weixinlogo.png
ཉེ་ཆར“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ
http://zw.xzqnb.cn/m/content/2026-11/20/002070.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

“ལང་ཚོ་དར་དུས་སྲུང་སྐྱོང་བྱེད། བདེ་འཇགས་འགོག་རགས་བརྟན་དུ་གཏོང་བའི”ཆེད་དོན་བདེ་འཇགས་སློབ་གསོ་སྤེལ་བ།

མེ་ཟོན་བདེ་འཇགས་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་ས་མཐོའི་བདེ་འཇགས་སྔོན་འགོག་སྲ་བརྟན་དུ་གཏོང་དགོས།

རྒྱལ་སྨན་གྲོང་ཚོར་ལམ་སྒྲོན་ཁྲ་ལྷམ་མེར་གསལ་བ།

等待处理…

མེ་ཟོན་བདེ་འཇགས་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་ས་མཐོའི་བདེ་འཇགས་སྔོན་འགོག་སྲ་བརྟན་དུ་གཏོང་དགོས།

2026年11月20日

ཉེ་ཆར“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་བརྗོད་བྱ་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་རེད།

འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མི་དམངས་དང་ཚེ་སྲོག་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་མེ་ཟོན་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་སྔོན་འགོག་བྱ་རྒྱུར་ སྐུལ་འདེད་བཏང་བས་ལྗོངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་དུས་བབ་སྤྱིར་བརྟན་པོ་བྱུང་ཡོད་པ་རེད།

ཟླ་10ཚེས་31ཉིན་བར་ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཉེན་རྟོག་པའི་གནས་ཚུལ་སྣ་ཚོགས་ཁྱོན་10923སྙན་སེང་ཞུས་པ་དང་ཐག་གཅོད་བྱས་པའི་ནང་མེ་སྐྱོན་439དང་། ཉེན་སེལ་རོགས་སྐྱོབ་404སྤྱི་ཚོགས་རོགས་སྐྱོབ་96བཅས་སྙན་སེང་ཞུས་པ་དང་། མེ་ཟོན་རོགས་སྐྱོབ་མི་སྣ་ཁྱོན་མི་ཐེངས་ཁྲི་9ལྷག་ཙམ་དང་མེ་ཟོན་རླངས་འཁོར་ཐེངས་ཁྲི་1.8ལྷག་ཙམ་བཏང་ནས་ཉེན་གཡོལ་མི་སྣ་1442སྐྱོབ་པ་དང་ཁ་འགྲེམས་བྱས་པ་རེད། འདི་ལོ་བོད་ཀྱི་སྐྱིད་གྲོང་འདམ་རྡོའི་ཆུ་རུད་ཆུ་ལོག་དང་སྦྲ་ཆེན་གྱི་ས་ཡོམ་ཡོམ་ཚད་7.0སོགས་གནོད་འཚེ་ཚབས་ཆེན་མང་པོའི་ཁྲོད་ཉེན་སེལ་རོགས་སྐྱོབ་ཀྱི་ལས་འགན་འཁུར་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱས་པ་རེད།

བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧའེ་ཡིས“གོམ་སྟབས་རྗེས་མར་མེ་ཟོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་མེ་ཟོན་བདེ་འཇགས་ལ་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་ཡིན”ཞེས་བཤད།

མྰ་ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博