http://zw.xzqnb.cn/Content/weixinlogo.png
ཟླ་11པའི་ཚེས་15ཉིན། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན
http://zw.xzqnb.cn/m/content/2026-11/20/002067.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བདེ་ཐང་གཅེས་སྐྱོང་ཁུག་མ་དེ་ཚོ་ང་ཚོར་གོ་ཆོད་ཆེ།

རྒྱལ་སྲུང་སློབ་གསོ་བྱིས་པའི་སེམས་ལ་འཇགས། རྒྱལ་ཁབ་སྟོབས་ཆེན་ཕུཌ་འདུན་མཉམ་དུ་གཏོད།

ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

སྐབས་གསུམ་པའི་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་གྲུབ་འབྲས་སྙན་ཞུའི་བྱེད་སྒོ་ལྷ་སར་འཚོགས་པ།

等待处理…

སྐབས་གསུམ་པའི་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་གྲུབ་འབྲས་སྙན་ཞུའི་བྱེད་སྒོ་ལྷ་སར་འཚོགས་པ།

2026年11月20日

ཟླ་11པའི་ཚེས་15ཉིན། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་སྒྲུབ་འགན་འཁུར་བའི་སྐབས་གསུམ་པའི་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་གྲུབ་འབྲས་སྙན་ཞུའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁའི་སྤྱི་གླིང་དུ་སྤེལ་བ་རེད། གསོ་སྦྱོང་རྟེན་གཞིའི་དགའ་ཕྱོགས་འཛིན་གྲྭ་དང་། བོད་ལྗོངས་གངས་ལྷ་བྱིས་པའི་སྒྱུ་རྩལ་ཚོགས་པ། འགྲེམས་སྟོན་ཁང་གི་འགྲེལ་བཤད་པ་ཆུང་ཆུང་བཅས་གཞོན་ནུ་ལོ་ཆུང་མི་གྲངས་200ཙམ་མཉམ་དུ་འཛོམས་ནས་རང་ལྗོངས་ཀྱི་སློབ་ཕྱིའི་ལག་ལེན་སློབ་གསོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད།

བྱེད་སྒོ་འདི་ནི་གྲུབ་འབྲས་འགྲེམས་སྟོན་དང་། རིག་རྩལ་འཁྲབ་སྟོན། མྱོང་ཚོར་ཟབ་ཞུགས་བཅས་གཅིག་ཏུ་འདུས་པ་ཞིག་ཡིན་པས་ས་གནས་དེ་རང་ལ་རི་མོ་འབྲི་བ་དང་། རྒྱ་བོད་ཡིག་གཟུགས། མི་མེད་གནམ་གྲུའི་ཚན་རྩལ། རོལ་ཆ་མྱོང་རོལ། ཕྱོགས་བསྡུས་ལག་ལེན་འགྲེམས་སྟོན་བཅས་ཁུལ་ཆེན་པོ་ལྔ་བཙུགས་ཏེ་གསོ་སྦྱོང་རྟེན་གཞིའི་སྤྱི་ཕན་གསོ་སྦྱོང་དང་། ཞིབ་འཇུག་སློབ་སྦྱོང་ལག་ལེན། ཏང་འཛུགས་སྐྱོང་གིས་མི་སྣ་གསོ་སྐྱོང་། མི་རིགས་མཐུན་སྒྲིལ་སློབ་གསོ་སོགས་ལོ་ཧྲིལ་པོའི་ལས་དོན་གྲུབ་འབྲས་གཅིག་བསྡུས་ཀྱིས་མངོན་པར་བྱས་ཤིང་། སློབ་མ་ཚོས་ཡུལ་དངོས་སུ་རང་མོས་ངང་ཡིག་གཟུགས་གསར་རྩོམ་བྱས་པ་དང་ཚན་རྩལ་གསར་གཏོད་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་བས་ལྟད་མོ་བའི་གྲོང་མི་མང་པོ་ཞིག་ཡིད་དབང་བཀུག་ཡོད། རིག་རྩལ་འཁྲབ་སྟོན་གྱི་བརྒྱུད་རིམ་ནང་མི་རིགས་ཀྱི་གླུ་གར་དང་། བརྗོད་དོན་གྱེར་འདོན། མི་རིགས་ཁག་གི་རོལ་ཆ་མཉམ་དཀྲོལ་སོགས་ཀྱི་ལེ་ཚན་རེས་མོས་ཀྱིས་གར་སྟེགས་སུ་འཁྲབ་ཏེ། ལང་ཚོ་དར་ལ་བབ་པའི་འཁྲབ་རྩལ་གྱིས་དུས་རབས་གསར་པའི་གཞོན་ནུ་རྣམས་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་འབད་བརྩོན་ཡར་སྐྱེད་བྱེད་པའི་བསམ་བློའི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

ཕུལ་བྱུང་གི་སློབ་མའི་འཐུས་མི་པ་སངས་བསྟན་འཛིན་གྱིས་ང་རང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་བོད་ཀྱི་ཟློས་གར་ལོ་གཅིག་རིང་སྦྱངས་པ་ཡིན་པས་འདི་ནས་ཆེད་ལས་རྩལ་ནུས་ཐོབ་པ་མ་ཟད། རྒྱུན་འཁྱོངས་དང་འཚར་ལོངས་ཀྱི་དོན་སྙིང་ཡང་རྟོགས་སོང་བས་དེ་རིང་གར་སྟེགས་སྟེང་སློབ་སྦྱོང་གི་གྲུབ་འབྲས་སྟོན་ཐུབ་པར་སྤོབས་པ་ཆེན་པོ་སྐྱེས་བྱུང་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་སྤྱི་ཕན་སློབ་གསོ་གཏོང་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ། སྒྱུ་རྩལ་དང་ཤུལ་བཞག་རིག་གནས། ཚན་རྩལ་གསར་གཏོད། ལུས་རྩལ་རིག་གནས་བཅས་ཀྱི་དགའ་ཕྱོགས་སློབ་ཚན་རིན་མེད་ངང་རྒྱུན་རྣམ་ཅན་དུ་འཚོགས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་ཕྱིའི་སློབ་ཁྲིད་ནང་གཏིང་ཟབ་ངང་འདྲེས་པར་བྱས་པ་མ་ཟད། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་གསུམ་གྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་པ་མུ་མཐུད་བསྐྲུན་བཞིན་ཡོད།

བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིའི་ཀྲུའུ་རིན་དངོས་གྲུབ་ཀྱིས་ཐེངས་འདིའི་གྲུབ་འབྲས་སྙན་ཞུའི་བྱེད་སྒོ་འདིས་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་རང་ཉིད་ངོམ་སྟོན་དང་སྦྱོང་བརྡར་བྱེད་པའི་སྟེགས་བུ་བཟང་པོ་ཞིག་བསྐྲུན་ཡོད་པ་མ་ཟད། རང་ལྗོངས་ཀྱི་སློབ་ཕྱིའི་བྱང་ཚད་སློབ་གསོའི་སློབ་ཁྲིད་ལ་ཕན་འབྲས་གང་ལེགས་བྱུང་བ་མཚོན་གྱི་ཡོད་པས། གོམ་སྟབས་རྗེས་མར་རྟེན་གཞིས་ལོ་ལྔ་ཚན་བཅོ་ལྔ་པའི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་འཕེལ་རྒྱས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ལག་ལེན་སློབ་གསོའི་གཞི་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་ཚན་མ་ལག་ལེགས་སྒྱུར་བྱས་ཏེ། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་རྣམས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་མུ་མཐུད་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།

བསོད་ནམས་བསྟན་འཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博