http://zw.xzqnb.cn/Content/weixinlogo.png
ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་77འཁོར་བར་རྟེན་འབ
http://zw.xzqnb.cn/m/content/2026-10/23/002021.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

མེས་རྒྱལ་གྱི་ས་བབ་མཐོ་ཤོས་སུ་བཞད་པའི“སྐལ་བཟང་མེ་ཏོག”

2026ལོའི་ཀྲུང་གོའི་རི་ཁུལ་རྐང་འཁོར་གྱི་མཉམ་འབྲེལ་འགྲན་བསྡུར་(བོད་ལྗོངས་ལྷོ་ཁའི་ས་ཚིགས)འགོ་ཚུགས་པ།

“རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་ལོ་ཆུང་རྣམས་ཀྱིས་རྒྱང་སྐྱོད་གསར་པར་བརྒྱུད་མཐུད་བྱེད”ཅེས་པའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་པའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།

等待处理…

“རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་ལོ་ཆུང་རྣམས་ཀྱིས་རྒྱང་སྐྱོད་གསར་པར་བརྒྱུད་མཐུད་བྱེད”ཅེས་པའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་པའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།

2026年10月23日

ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་77འཁོར་བར་རྟེན་འབྲེལ་ཞུ་བ་དང་། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་དུས་ཚོད་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ཧུའུ་ནན་གསར་བརྗེའི་དྲན་གསོ་ཁང་ལ་གནང་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་རས་དམར་པོའི་སྒྲོག་འགྲེལ་པའི་འཕྲིན་ལན་གྱི་དགོངས་དོན་དོན་འཁྱོལ་བྱེད་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཏང་ཨུད་དང་། ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)། ལྷོ་ཁ་གྲོང་ཁྱེར་གྱི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བའི"དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་ལོ་ཆུང་ཚོས་རྒྱང་སྐྱོད་གསར་པར་བརྒྱུད་མཐུད་བྱེད་པ"ཞེས་པའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་པའི་ཉིན་མོའི་བྱེད་སྒོ་དེ་ལྷོ་ཁ་གྲོང་ཁྱེར་དུ་བདེ་བླག་ངང་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་འདི་ནི་བརྗོད་དོན་གཙོ་བོའི་རུ་ཁག་སློབ་ཚན་དང་། སྐེ་རས་དམར་པོའི་འགྲེལ་བཤད་པས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པ། གསར་བརྗེའི་ས་གནས་དངོས་ལ་སློབ་སྦྱོང་ཞིབ་འཇུག་བྱེད་པ། གསར་རྗེའི་གློག་བརྙན་ལྟ་བ་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་བཞི་བརྒྱུད་དེ། ཕྱོགས་ཡོངས་ནས་རིམ་པ་མང་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་་བསམ་བློ་སྣེ་ཁྲིད་ཀྱི་སློབ་གསོ་སྤེལ་བ་དང་། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་སློབ་གསོ་དང་ལག་ལེན་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ཡོད།

སྐེ་རས་དམར་པོའི་འགྲེལ་བཤད་པས་ལྷོ་ཁ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་དང་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་དེ། ལོ་ཆུང་གདོང་ལེན་རུ་མི་200 ཁྲིད་ནས་ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་རང་སྲུང་རྒོལ་ལན་དམག་འཐབ་ཀྱི་རྒྱལ་གཅེས་ལོ་རྒྱུས་སློབ་སྦྱོང་བྱས་པ་དང་། ས་སྦར་ཙམ་ཡང་ཕྱིར་བཤོལ་མི་བྱེད་པའི་ཁྱིམ་ཞེན་དང་རྒྱལ་ཞེན་གྱི་དོན་ཆེན་ལ་མྱོང་རྟོགས་བྱས་ཏེ། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ཐོབ་སླ་པོ་མིན་པར་སེམས་གཏིང་ནས་མྱོང་ཚོར་གྱིས་ཏང་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། ཡར་བརྩོན་དགེ་སྒྲུབ་བཅས་ཀྱི་དད་སེམས་སྔར་བས་བརྟན་དུ་བཏང་ཡོད།

ཐེངས་འདིའི་རུ་ཁག་འཛུགས་པའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་འདིས་སྐེ་རས་དམར་པོའི་འགྲེལ་བཤད་རྒྱག་མཁན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་ཆུང་གདོང་ལེན་པར་གྱུར་ནས་གསར་བརྗེའི་རིག་གནས་ཀྱི་གཏམ་རྒྱུད་བཤད་མཁན་དང་། ཉན་མཁན། རྒྱུན་འཛིན་བྱེད་མཁན། ཁྱབ་སྤེལ་བྱེད་མཁན་བཅས་སུ་འགྱུར་བར་བྱས་ཏེ། ལས་གནས་སྔོན་གྱི་སྦྱོང་བརྡར་དང་ས་གནས་དངོས་སུ་ལག་ལེན། ཡུལ་དངོས་སུ་མྱོང་ཚོར་བཅས་ཀྱི་རྣམ་པ་བརྒྱུད་དེ། མྱོང་རོལ་རང་བཞིན་དང་ལག་ལེན་རང་བཞིན་ལྡན་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོ་སྤེལ་ནས་ལོ་ཆུང་གདོང་ལེན་རུ་མི་ཚོར་ཁྲིད་སྟོན་རྒྱ་ཆེར་བྱས་ཏེ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། རྒྱང་སྐྱོད་སྙིང་སྟོབས་ཆེན་པོ་དང་རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་བ། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སློབ་སྦྱོང་ལ་བརྩོན་འགྲུས། ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་དུ་དུས་དང་རྣམ་པ་ཀུན་དུ་ཕུགས་བསམ་བརྟན་པོ་འཛུགས་རྒྱུར་གྲ་སྒྲིག་ཨང་གསར་བྱེད་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博