http://zw.xzqnb.cn/Content/weixinlogo.png
གསེར་མདངས་རྒྱས་པའི་སྟོན་ཟླ་དགུ་པའི་དཔེ་ཀློག་གི་སྒྲ་དབྱངས་དང་
http://zw.xzqnb.cn/m/content/2026-09/18/001976.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་ཀྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

བུ་བཅོལ་ཁང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་སློབ་ཁྲིད་བྱེད་པ།

གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གིས་2026ལོའི་སྟོན་ཀའི་“སློབ་འགོ་ཚུགས་པའི་སློབ་ཚན་དང་པོར”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

等待处理…

གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གིས་2026ལོའི་སྟོན་ཀའི་“སློབ་འགོ་ཚུགས་པའི་སློབ་ཚན་དང་པོར”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

2026年09月18日

གསེར་མདངས་རྒྱས་པའི་སྟོན་ཟླ་དགུ་པའི་དཔེ་ཀློག་གི་སྒྲ་དབྱངས་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་དག་ཀྱང་སློབ་དུས་གསར་པ་བསུ་བཞིན་ཡོད། ཉེ་ཆར། གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཨུད་དང་དེ་བཞིན་རྫོང་དང་ཆུས་ཁག་གི་མང་ཚོགས་ཚོགས་པའི་ལས་དོན་ཁག་དང་སློབ་གྲྭ་ཁག་ལག་གདང་སྦྲེལ་ནས་སྣ་མང་ཕུན་སུམ་ཚོགས་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སློབ་གྲྭའི་ནང་ཁྲིད་སྟོན་གྱིས་སློབ་མ་ཚོས་སེམས་ལྷོད་ལྷོད་ངང་སློབ་དུས་གསར་པར་བསུ་བ་ཞུས་པ་རེད།

ད་ཐེངས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དེ་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་། རྒྱལ་དར་འོག་གི་གཏམ་བཤད། ཆེད་དོན་སྒྲོག་འགྲེལ། གྱོད་དཔེ་ཁྲིམས་འགྲེལ(གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ)དང་ཡུལ་དངོས་ཀྱི་མཉམ་འགུལ། གློག་བརྙན་མཉམ་སྤྱོད་སོགས་རྣམ་པ་སྣ་ཚོགས་སྤྱད་དེ། བོད་གསར་རྙིང་ཞིབ་བསྡུར་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། སློབ་གྲྭའི་བརྙས་བཅོས་འགོག་ཟོན། ཁྲིམས་སྐྱོང་ཚན་རིག་ཁྱབ་གདལ། འབྲུག་འགོག་གནོད་འཚེ་སྔོན་འགོག འགྲིམ་འགྲུལ་བདེ་འཇགས། དྲ་རྒྱའི་བདེ་འཇགས། དུག་འགོག་དང་ཨེ་ཙི་སྔོན་འགོག སེམས་ཁམས་བདེ་ཐང་སོགས་ཇུས་གཞི་མང་བའི་ཤེས་བྱས་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་མང་པོར་ཁྱབ་པར་བྱས་ཡོད། རྫོང་དང་ཆུས་ཁག་གཅིག་གིས་ད་དུང་མངག་གཏོང་ཁང་དང་འཕྲོད་བསྟེན་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་གྲོང་རྡལ་གྱི་སློབ་གྲྭར་བསྐྱོད་དེ། ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་བྱས་ཏེ་གྱོད་དཔེ་དང་གོ་བདེའི་སྐད་ཆ་ཡི་ཐོག་ནས་འགྲེལ་བཤད་གསལ་པོར་བརྒྱབ་པ་མ་ཟད། སློབ་གྲྭ་མི་ཉུང་བ་ཞིག་གིས་ད་དུང་སློབ་མར་འབྲི་དེབ་དང་སྨྱུག་ཁུག་སོགས་སློབ་སྦྱོང་གི་མཁོ་ཆས་སྤྲད་དེ་ཐུགས་ཁུར་དང་དྲོ་སྐྱིད་ལྡན་པར་བྱས་ཡོད།

“བོད་གསར་རྙིང་གི་ལོ་རྒྱུས་འགྲེལ་བཤད་ལ་ཉན་རྗེས་ང་ལ་ད་ཆའི་བདེ་སྐྱིད་ཀྱི་འཚོ་བ་འདི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཚོར་བྱུང་བས། ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་མི་རིགས་ཁག་གི་སློབ་གྲོགས་དང་མཛའ་མཐུན་མཉམ་གནས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ནས་ཕ་ཡུལ་ལ་དྲིན་ལན་འཇལ་དགོས”ཞེས་གཞིས་རྩེ་གྲོང་ཁྱེར་གདོང་དཀར་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་བསྟན་འཛིན་ནོར་བུ་ཡིས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་སྒྲོག་འགྲེལ་བྱེད་སྒོའི་ཐོག་དེ་ལྟར་བཤད།

གཉའ་ནང་རྫོང་མང་ཚོགས་ཚོགས་པའི་ལས་དོན་ཁག(སྡེ་ཚོགས་ཨུ་ལྷན)ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་དོན། “ང་ཚོས་ས་གནས་དེ་གའི་འབྲུག་སྐབས་དོན་དངོས་དང་། འབྲུག་འགོག་ཉེན་གཡོལ། ལྡེབས་ཉིལ་འགོག་ཟོན་སོགས་ཀྱི་ནང་དོན་ཁག་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་གཙོ་གནད་དུ་སློབ་ཚན་དུ་བརྩིས་ནས་བརྒྱུད་བགྲོད་དྲི་བ་དྲིས་ལན་དང་ཡུལ་དངོས་སུ་ལད་ཟློས་བྱ་སྤྱོད་སྤེལ་ཏེ། སློབ་མར་ཉེན་ཁ་དབྱེ་འབྱེད་དང་རང་སྐྱོབ་བྱེད་སྟངས་བསླབས་ཏེ་སློབ་འགོ་ཚུགས་མ་ཐག་ནས་སློབ་མ་ཚོའི་བདེ་འཇགས་བསམ་བློ་ཡག་ཏུ་བཏང་བ་ཡིན་”ཞེས་ངོ་སྤྲོད་བྱས་པ་རེད།

གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་རྒྱུན་མཐུད་ངང་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་གྲྭར་སྤེལ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཀྱི་སློབ་གསོ། བདེ་འཇགས་སློབ་གསོ་བཅས་རྒྱུན་གཏན་གྱི་སློབ་ཁྲིད་དོ་དམ་ནང་མཉམ་འདྲེས་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱེལ་བྱ་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博