http://zw.xzqnb.cn/Content/weixinlogo.png
«གཙུག་གཡུ»ཞེས་པའི་བརྩམས་སྒྲུང་འདི་ལ་སྙན་ངག་གི་ཚིག་རྒྱན་
http://zw.xzqnb.cn/m/content/2026-08/28/001947.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བཟོད་སྒོམ་ནི་བདེ་སྐྱིད་ཡིན།

«གཙུག་གཡུ»བཀླགས་རྗེས་ཀྱི་མྱོང་ཚོར།

གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

等待处理…

«གཙུག་གཡུ»བཀླགས་རྗེས་ཀྱི་མྱོང་ཚོར།

作者 བཀྲ་ཤིས་ཚེ་རིང་།
2026年08月28日

«གཙུག་གཡུ»ཞེས་པའི་བརྩམས་སྒྲུང་འདི་ལ་སྙན་ངག་གི་ཚིག་རྒྱན་སོགས་ཀྱིས་ཆེར་མི་བཅིངས་པར་ཚིག་སྦྱོར་འཇེབས་པོས་དོན་སྙིང་གཏིང་ཟབ་པ་སྟོན་པའི་དགེ་མཚན་ལྡན། བརྩམས་སྒྲུང་ནང་དུ་འཁོད་པའི་སྤྱི་ཚོགས་ཀྱི་འཚོ་བ་རྒྱ་ཆེ་བ་དང་བརྗོད་དོན་ཤོང་ཚད་ཆེ་ཞིང་། ལྷག་པར་དུ་མིག་སྔར་རྒྱ་ཆེའི་ཀློག་པ་པོ་མི་ཉུང་བ་ཞིག་གི་རིག་གནས་ཀྱི་དགོས་མཁོ་དང་འཚམ་ཕྱིར་ཡོངས་ཁྱབ་ཀྱི་གོ་བདེའི་ཁ་སྐད་དང་ཚིག་ལྷུག་པའི་ཐོག་ནས་བྲིས་ཏེ་བོད་ཀྱི་རིག་གནས་དར་རྒྱས་དང་རྒྱ་ཁྱབ་ཏུ་འགྲོ་བར་སྲི་ཞུ་བསྒྲུབས་འདུག་བསམས།

བརྩམས་སྒྲུང་གི་མི་སྣ་གཙོ་བོ་དཔལ་ལྡན་གྱི་སྤོ་བོ་དམ་པ་དེ་ཆུང་དུས་སྟོད་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་སྐབས་མཚོ་ཆུ་བྱུག་རྗེས་མཇུག་ཏུ་ཆུ་ཧུབ་གང་འཐུང་དགོས་བསམས་ནས་མཚོ་ཆུ་སྦར་མོ་གང་གཅུས་པས་སྦར་མོའི་ནང་དུ་བྱེ་མ་ཕྲན་ཙམ་དང་མཉམ་དུ་གཡུ་གཅིག་རྙེད། གཡུ་དེ་ནི་གཡུ་གཞན་དང་མི་འདྲ་བ་སུས་མཐོང་ཡང་རང་དབང་མེད་པར་བསྔགས་བརྗོད་བྱེད་དགོས་པ་ཞིག་ཡོད་པའི་རྐྱེན་གྱིས་དཔལ་ལྡན་གྱི་ནང་ལ་ཡང་ཆག་སྒོ་ཆེན་པོ་བྱུང་འདུག སྐུ་ངོ་རྫོང་ཟེར་བའི་སྐུ་དྲག་གཅིག་གིས་དཔལ་ལྡན་གྱི་ཨ་མའི་མགོ་ལ་གཙུག་གཡུ་དེ་བཏགས་པ་མཐོང་སྟེ་གཡུ་དེ་ལ་སེམས་པ་དབང་མེད་དུ་ཤོར་ཏེ་གཡུ་དེ་སྤྲོད་དགོས་ཟེར་བ་ཁས་ལེན་མ་བྱས་སྟབས། མཐའ་མ་གཡུ་དེ་ནི་ཏན་ཏན་གཞན་གྱི་འགྲམ་ནས་བརྐུས་པ་རེད་ཟེར་ནས་དཔལ་ལྡན་ཚང་གི་ཨ་ཕ་ཕུན་ཚོགས་དང་ཨ་མ་འཛོམས་པ་ལ་མ་ཉེས་ཁ་གཡོགས་བྱས་ཏེ་བཙོན་དུ་བཅུག ཁོང་གཉིས་བྲོས་ཐུབ་ཙམ་བྱུང་བ་ན་སྲུ་མོ་བཟུང་བ་བཅས་དཀའ་ངལ་ཚད་མེད་འཕྲད། ཨ་ཕ་ལ་སྔོན་ནས་སྐུ་ངོ་རྫོང་གི་ཉེས་རྡུང་དྲག་པོ་ཐེངས་གཉིས་བཏང་བས་ལུས་པོར་གཅོང་ནད་ཕོག་ཡོད་པར་བརྟེན་ན་ཟུག་ཚད་མེད་བཏང་ཡང་དཀའ་སྡུག་གྲངས་མེད་སྤྱད་ནས་ལམ་ལ་ཐོན། མཐར་ཨ་ཕར་སྙིང་ནད་ཕོག་པ་དང་ཨ་མ་འཛོམས་པ་ཡང་ཚེ་ལས་འདས་ཤིང་། འཆི་ཁར་དཔལ་ལྡན་ལ་སྐུ་ངོ་རྫོང་ལྟ་བུའི་མི་དེའི་གྲས་ལ་གཟབ་གཟབ་བྱ་རྒྱུ་དང་སྲུ་མོ་རྙེད་པར་བྱ་རྒྱུའི་འདུན་པ་སྟོན། དཔལ་ལྡན་གྱི་བསམ་པར་སྲུ་མོ་ནི་ངེས་པར་དུ་བཙལ་ཐུབ་པ་བྱ་རྒྱུ་དང་། སྐུ་ངོ་རྫོང་ལ་གཟབ་གཟབ་བྱས་པ་ཙམ་གྱིས་ཡིད་ཚིམ་ཐབས་མེད་པས་ངེས་པར་དུ་དགྲ་ནག་དེ་རྙེད་པར་བྱས་ཏེ་དགྲ་ཤ་ལེན་རྒྱུའི་བློ་ཐག་བཅད།

དེ་ནས་བརྩམས་སྒྲུང་མུ་མཐུད་དུ་བཀླགས་ན། དཔལ་ལྡན་གྱིས་ཚོང་དཔོན་དགྲ་ལྷའི་ཁྱིམ་དུ་གཡོག་པོ་བྱེད་རིང་འཚོལ་དཔྱད་བྱས་པ་བརྒྱུད། མཐར་དཔལ་ལྡན་གྱི་དགྲ་ནག་སྐུ་ངོ་རྫོང་ཟེར་བ་དེ་ནི་སྐུ་ངོ་མདའ་དཔོན་ཡིན་པ་ཤེས། དཔལ་ལྡན་དང་བདེ་སྐྱིད་ཀྱིས་དགྲ་ཤ་ལེན་པའི་ཆེད་དུ་སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡང་བློས་གཏོང་མ་བྱས་པར་དཔང་རྟགས་བཙལ་ནས་སྐུ་ངོ་ས་དབང་ཆེན་མོར་ཞུས་པ་ན། ངན་སྤྱོད་དེར་སྐུ་ངོ་ས་དབང་ཆེན་མོ་ཁྲོས་ནས་ཐག་གཅོད་ནན་པོ་བཏང་རྒྱུ་བྱས་ཀྱང་། འཕྲིན་ཡིག་གཅིག་ལས་ལྷ་སྲས་འཇིགས་མེད་དབང་གྲགས་རང་གི་བུ་མིན་པ་དང་། ཡེ་ཤེས་མཁའ་འགྲོ་ཡང་ཚོང་དཔོན་དགྲ་ལྷའི་བུ་མོ་མིན་པར་གཉིས་ཀ་སྐུ་ངོ་མདའ་དཔོན་གྱི་ཕྲུ་གུ་ཡིན་པ་ཤེས་པས། ལྷ་སྲས་འཇིགས་མེད་དབང་གྲགས་ཁོང་གི་མྱུ་གུ་མིན་ན་རྒྱུད་འཛིན་བྱེད་མཁན་མེད་པ་དང་། དོན་དག་དེ་རྣམས་སེར་སྐྱ་དཔོན་རིགས་འབངས་དངབཅས་པས་རྟོགས་པར་གྱུར་ན་གདོང་ཇི་ལྟར་སྟོན་སྙམ་སྟེ་གསང་བ་བྱས།

དེ་ནས་དཔལ་ལྡན་གྱི་བསམ་པར་ཁོ་རྒྱལ་ཁྲིམས་ཀྱིས་བརླག་མི་རྙེད་ཚེ་རང་ཐག་རང་གིས་བཅད་ནས་དགྲ་ཤ་ལེན་པ་དགའ་སྙམ་སྟེ། སྐུ་ངོ་མདའ་དཔོན་དམག་སྒར་ལ་ཕྱིར་ལོག་སྐབས་ལྐོག་གསོད་བྱེད་པར་ཕྱིན་ནའང་ལེགས་འགྲུབ་མ་བྱུང་། དཔལ་ལྡན་གྱི་བསམ་པར་ད་ལན་ངས་ཕ་མ་དང་སྲུ་མོའི་དགྲ་ཤ་ལེན་དགོས་བསམས་ཀྱང་སྲིད་དབང་དང་ཁྲིམས་ལུགས། དམག་དཔུང་བཅས་ཡོངས་རྫོགས་དགྲ་ནག་མདའ་དཔོན་གྱི་ཕྱོགས་སུ་འདུག་པས། དགྲ་ཤ་བློ་ཡིད་ཚིམ་པ་ཞིག་ལེན་ཐུབ་མ་སོང་ཡང་། ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་དུས་ཤིག་ཤར་རྒྱུ་ཡོད། གནས་སྐབས་རིང་ཡུལ་འདི་དང་ཁ་མ་བྲལ་ན་དོན་བསྒྲུབ་པར་འགོག་རྐྱེན་བཟོ་བ་འདུག་སྙམ་སྟེ་དཔལ་ལྡན་དང་བདེ་སྐྱིད་གཉིས་ཡུལ་དེ་ནས་ཐོན། བདེ་སྐྱིད་ཀྱིས་དཔལ་ལྡན་ཚལ་གུང་ཐང་བར་དུ་བསྐྱལ་བ་དང་ཆབས་ཅིག་དཔལ་ལྡན་དང་མཉམ་དུ་འགྲོ་རྒྱུ་ཡིན་པ་དང་ཨ་ཕ་བཀྲ་ཤིས་གྲོངས་ལུགས་བཅས་བཤད་པ་ན། ཆགས་རྟེན་མེད་པའི་མི་གཉིས་དཀའ་སྡུག་མཉམ་མྱོང་བྱེད་པའི་བློ་ཐག་བཅད་དེ་མཉམ་དུ་ཐོན། ལམ་ཁར་བདེ་སྐྱིད་ཀྱིས་དཔལ་ལྡན་ལ་ལག་རྟགས་ཤིག་སྤྲད་པ་ནི་གཞན་མ་ཡིན་པར་རང་གི་ཕ་ནོར་གཙུག་གཡུ་དེ་ཡིན་པས། དྲིན་ཅན་གྱི་ཕ་མ་ལྷང་ལྷང་དུ་དྲན་ནས་མཐར་མུ་མཐུད་དགྲ་ཤ་ལེན་རྒྱུའི་བསམ་བློ་དོར། མི་ཐོག་ནས་མི་ཐོག་བར་བརྒྱུད་པའི་མེས་པོ་རྣམས་ཀྱི་ལུགས་སྲོལ་ལྟར་དཔལ་ལྡན་གྱིས་གཙུག་གཡུ་དེ་རང་ལྷག་པར་བརྩེ་བའི་དགའ་མ་བདེ་སྐྱིད་ཀྱི་སྤྱི་གཙུག་ཏུ་བཏགས་ནས་མཇུག་བསྒྲིལ།

བརྩམས་སྒྲུང་དེ་ལས་ང་ཚོས་དཔལ་ལྡན་གྱི་ཕ་མར་བྱམས་སྐྱོང་དང་གུས་བཀུར་ཆེ་བའི་ཡ་རབས་གཤིས་བཟང་དང་། ཉམ་ཆུང་གི་མི་དཀྱུས་མ་ཞིག་གིས་དབང་ཡོད་དཔོན་པོའི་བཙན་དབང་དང་འཐབ་རྩོད་བྱེད་པའི་བློ་སྟོབས། སྡུག་བསྔལ་ལ་མ་སྐྲག་པར་དཀའ་སྡུག་ཁྱད་བསད་བྱེད་པའི་སྙིང་རུས་ལ་སློབ་སྦྱོང་བྱེད་དགོས་པའི་ཚོར་སྣང་ཟབ་མོ་བྱུང་། ད་དུང་བདེ་སྐྱིད་ནང་བཞིན་ཕུལ་བྱུང་གཤིས་རྒྱུད་ལྡན་ཞིང་ལྷད་མེད་བརྩེ་སེམས་འཛིན་ཐུབ་པའི་མི་ཞིག་ཆགས་རྒྱུར་བརྩོན་དགོས། བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་དཔལ་ལྡན་ལྟ་བུ་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་གང་ཟག་སུ་ལའང་དམིགས་པ་མ་ཡིན་ཡང་ལོ་རྒྱུས་ཐོག་ཏུ་མི་སྣ་དེ་འདྲ་བྱུང་མ་མྱོང་བ་མ་ཡིན་ལ་བྱུང་བ་ནི་རེ་གཉིས་ཙམ་ཡང་མ་ཡིན། «གཙུག་གཡུ»ཡི་ནང་དུ་སྤྱི་ཚོགས་རྙིང་པའི་སྐབས་གྲོང་ཁྱེར་ལྷ་སའི་ནང་དུ་གནས་བབ་མི་འདྲ་བའི་མི་ཕན་ཚུན་དབར་གྱི་འབྲེལ་བ་དང་། རང་རང་སོ་སོའི་བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་སྤྱི་ཚོགས་ཀྱི་འཚོ་བའི་ཐོག་ནས་མཚོན་གང་ཐུབ་བྱས་ཡོད་པས། གསར་སྐྱེས་གཞོན་ནུ་དང་སྤྱི་ཚོགས་ལ་ཞིབ་འཇུག་མཛད་མཁན་རྣམས་ལའང་བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐོར་གྱི་ཕན་ནུས་ཆེ་བའི་དཔྱད་གཞི་མང་བ་བཅས་ཀྱི་ངེད་ཅག་ཀློག་པ་པོ་རྣམས་ལ་སློབ་གསོ་དང་སྐུལ་ཀློང་གི་ནུས་པ་ཤུགས་ཆེན་ཐེབས་པར་ངེས་སོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༧)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博