http://zw.xzqnb.cn/Content/weixinlogo.png
ཉེ་བའི་ལོ་ཤས་རིང་། གཞུང་ཞབས་ལས་གནས་ཀྱི་འགྲན་རྩོད་སྔར་བས་ཆེ་རུ
http://zw.xzqnb.cn/m/content/2026-08/28/001939.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

སྲིད་ཇུས་ཀྱིས་འགན་སྲུང་བྱས་ནས་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་བ།

འགྲན་བསྡུར་འཁྲུག་ཆ་དོད། རྩལ་འགྲན་རྣམ་གྲངས་མང་།

2026ལོའི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་འགོ་ཚུགས་པ།

གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

等待处理…

སྲིད་ཇུས་ཀྱིས་འགན་སྲུང་བྱས་ནས་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་བ།

བོད་ཀྱིས་བྱ་ཐབས་སྣ་མང་སྤྱད་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ།

2026年08月28日

ཉེ་བའི་ལོ་ཤས་རིང་། གཞུང་ཞབས་ལས་གནས་ཀྱི་འགྲན་རྩོད་སྔར་བས་ཆེ་རུ་ཕྱིན་པ་དང་བསྟུན་ནས“གཞུང་ཞབས་པ་དང་བྱ་གཞག་སྒྲིག་ཁོངས་ལ་ཡིག་རྒྱུགས་གཏོང་བའི”གནོན་ཤུགས་ལོ་རེ་བཞིན་ཆེ་རུ་ཕྱིན་ཞིང་། ཀུན་གྱིས་དོ་སྣང་བྱེད་པའི་ལས་གནས་ཁག་གཅིག་ལ་ཐ་ན“མི་སྟོང་གིས་ལས་གནས་གཅིག་བརྩོན་ལེན་བྱེད་པའི”སྣང་ཚུལ་ཐོན་གྱི་ཡོད་པ་རེད།

“2025ལོར། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་བསྡོམས་འབོར་མི་33516ཟིན་པ་དང་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ཞིང་། དེའི་ནང་ཁྲོམ་རའི་ལས་ཞུགས་ཀྱིས་བསྡུར་གྲངས་ཕྱེད་ཀ་ལྷག་ཙམ་བཟུང་ནས་ལས་མི་བསྡུ་མཁན་གྱི་གཙོ་ཤུགས་ལ་གྱུར་ཡོད”ཅེས་བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥུའུ་ཤན་ཁྲེང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“འདུ་ཤེས་རྙིང་པར་འགྱུར་ལྡོག་གཏོང་བ་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྤེལ་བའི་འགག་གནད་སྒྲོལ་ས་ཞིག་རེད”ཅེས་བརྗོད་པ་རེད།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གདམ་ག་མང་དུ་གཏོང་ཆེད། བོད་ཀྱིས་སློབ་གྲྭར་སྤྱི་པའི་ལས་ཞུགས་ཞབས་ཞུ་དང་། སློབ་གྲྭ་ཐོན་ཡང་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ། ཆེད་དོན་ལས་བསྡུའི་ཞབས་ཞུ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བསྟུད་མར་སྤེལ་ནས་གནད་སྨིན་དང་ནུས་ལྡན་གྱི་ལས་ཀའི་བྱ་ཐབས་རབ་དང་རིམ་པ་བཏོན་པས“ལས་གནས་བརྟན་པོ་དང་། འཇོན་ཐང་ཆེར་གཏོང་། ཞབས་ཞུ་ལེགས་གཏོང་། འགན་སྲུང་ཆེར་གཏོང”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་མ་ལག་ཅིག་ཆགས་ཡོད་པ་རེད།

ད་ལོའི་ཟླ་4པའི་ཟླ་མཇུག་ཏུ། བོད་རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་ལྗོངས་ནང་ཁུལ་གྱི་མི་སྤྱོད་ཚན་པ་སྒྲིག་འཛུགས་བྱས་ཏེ་ལྷོ་ནུབ་མི་རིགས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་བར། ལོ་དེའི་སློབ་ཐོན་སློབ་མ་མང་པོ་ཞིག་བྱེད་སྒོར་ཞུགས་ཡོད་པ་རེད།

སྤེལ་རེས་བྱེད་རིང་ཤེས་རྟོགས་བྱུང་བར། མིག་སྔར། སློབ་ཐོན་སློབ་མ་མང་ཆེ་བས་ལས་ཞུགས་ལ་འཛིན་པའི་ལྟ་བ་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། ལས་གནས་དང་རང་ངོས་ཀྱི་ཆེད་ལས་མཐུན་ཚད་དང་། ལས་རིགས་འཕེལ་རྒྱས་ཀྱི་བར་མཐོངས། གླ་ཕོགས་སོགས་དངོས་ཡོད་རྒྱུ་རྐྱེན་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད།

ཐབས་ལམ་མང་པོའི་ལས་ཞུགས་ལ་སྐུལ་ལྕག་བྱ་ཆེད། བོད་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་ལྗོངས་ནང་ཁུལ་གྱི་ཁྲོམ་རའི་ལས་ཞུགས་ཁ་གསབ་དང་། བོད་ལྗོངས་ཕྱིའི་ཁྲོམ་རའི་ལས་ཞུགས་ཁ་གསབ། ལག་ཁྱེར་དང་དེ་བཞིན་ཁ་གསབ་གཞན་དག ལས་གཏོད་རོགས་སྐྱོར་སོགས་ཀྱི་ཁ་གསབ་སྲིད་ཇུས་དང་ལྷན་སྦྱར་བྱ་ཐབས་མང་པོ་བཏོན་ཞིང་། ཆ་རྐྱེན་འཛོམས་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མས་གཏན་འབེབས་གཞིར་བཟུང་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

གཞན་ཡང་། མཐོ་སློབ་སློབ་ཐོན་སློབ་མས་ད་དུང་བོད་ལྗོངས་ལས་ཞུགས་ལས་གཏོད་དང་བོད་ལྗོངས་གྲངས་འཛིན་ལས་བསྡུའི་ལས་སྟེགས་བརྒྱུད་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དང་། ལྗོངས་ཕྱི་ནང་གི་ལས་གནས་ལས་བསྡུའི་ཆ་འཕྲིན། དེ་བཞིན་དྲ་ཐོག་ནས་ཁ་གསབ་རེ་ཞུ་བཅས་ཀྱི་སྐོར་ཤེས་རྟོགས་བྱེད་ཆོག་གི་ཡོད་པ་རེད།

ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博