http://zw.xzqnb.cn/Content/weixinlogo.png
དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་ཚོའི་ངོས་ནས་བརྗོད་ན་ལྔ་བཞིའི
http://zw.xzqnb.cn/m/content/2026-07/24/001892.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལྔ་བཞིའི་ལུས་རྩལ་འགྲན་ཚོགས།

༄༅། །དབྱར་གསུམ་གྱི་མཛེས་སྡུག །

«མེ་ཏོག་དང་རྨི་ལམ» གྱི་དཔེ་ཀློག་མྱོང་གླེང་།

等待处理…

༄༅། །ལྔ་བཞིའི་ལུས་རྩལ་འགྲན་ཚོགས།

作者 བཀྲ་ཤིས་ནོར་འཛོམས།
2026年07月24日

དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་ཚོའི་ངོས་ནས་བརྗོད་ན་ལྔ་བཞིའི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་དེ་ཇི་ལྟར་སྤེལ་གྱི་ཡོད་དམ་སྙམ་པའི་ཐེ་ཚོམ་ཡོད་སྲིད་མོད། ང་ཚོ་ལོ་རིམ་གསུམ་པའི་སློབ་མའི་ངོས་ནས་བཤད་ན། དེ་ལ་དོགས་པ་གང་ཡང་མི་དགོས་ཤིང་། རྒྱུན་ལྡན་བཞིན་སྤྱི་ཟླ་ལྔ་པའི་ཚེས་བཞིའི་གཡས་གཡོན་ལ་འཆར་ཅན་བཞིན་སྤེལ་གྱི་ཡོད་ལ། བྱེད་སྒོའི་རྣམ་གྲངས་གང་དག་ཡོད་མེད་ཀྱང་ཅུང་ཁ་གསལ་ཙམ་རྟོགས་ཀྱི་ཡོད། ང་ཚོར་མཚོན་ན། ད་ལོ་དམའ་འབྲིང་གི་ལུས་རྩལ་འགྲན་ཚོགས་མཐའ་མ་ཡིན་པའི་ངོས་ནས་རང་ནུས་ཅི་ལྕོགས་ཀྱིས་འགྲན་སྡུར་ཁྲོད་ཞུགས་ངེས་ཡིན།

ད་ལོའི་འགྲན་ཚོགས་ཐོག་ལུས་རྩལ་རྣམ་གྲངས་སྔོན་མ་ལས་མང་བ་མ་ཟད། ལུས་རྩལ་པའི་མི་གྲངས་ཚད་གཞི་ཡང་སྔོན་ཆད་ལས་མང་དུ་བཏང་འདུག་པས། སྔོན་ཆད་འགྲན་ཚོགས་ལ་ཞུགས་མ་མྱོང་བའི་སློབ་མ་མང་པོ་ཞིག་ཀྱང་ད་ལོ་ཚོད་ལྟ་བྱེད་རྒྱུའི་གོ་སྐབས་ཐོབ་སོང་། སྐབས་རེ་ལུས་རྩལ་འགྲན་ཚོགས་སྤེལ་སྐབས་དངོས་གནས་ཡག་པོ་འདུག ལྷག་ཏུ་དམའ་འབྲིང་ལོ་རིམ་གསུམ་པ་ཡིན་པའི་ང་ཚོའི་ངོས་ནས་སློབ་སྦྱོང་གི་གནོན་ཤུགས་ཀྱང་ཆུང་དུ་འགྲོ་ངེས་རེད། ང་ཚོའི་འཛིན་གྲྭའི་ལུས་རྩལ་པ་རྣམས་ནི་འཛིན་བདག་གིས་སྐུལ་སློང་འོག་ཉི་མ་ཚེ་རིང་དང་བདེ་ཆེན་དཔལ་སྐྱིད་གཉིས་པོས་འགན་ཁུར་ནས་ཐོ་བཀོད་པ་དང་། སློབ་མ་རྣམས་ཀྱིས་རང་རང་གི་དགེ་མཚན་ཆེ་ཆུང་དང་འཛིན་གྲྭ་སྤྱིའི་ལུས་རྩལ་གྲུབ་འབྲས་ལ་དམིགས་ནས་འདེམས་གསེས་ཞིབ་ཚགས་དང་གནད་ཁེལ་བྱས་སོང་།

ལྔ་བཞིའི་འགྲན་ཚོགས་དངོས་སུ་འགོ་ཚུགས་པ་དང་། སློབ་མ་ཚང་མ་དགའ་འགའ་སྤྲོ་སྤྲོའི་ངང་ནས་ལུས་རྩལ་ཐང་གི་ཕྱོགས་སུ་ཕྱིན། འགྲན་ཚོགས་ཀྱི་གོ་རིམ་དང་པོ་ནི་དམའ་འབྲིང་ལོ་རིམ་དང་པོ་ནས་གསུམ་པ་བར་ཚང་མ་རུ་སྟར་གྲུ་བཞི་བསྒྲིགས་ནས་བསྐོར་ལམ་བརྒྱུད་དེ་འགྲོ་དགོས་ཀྱི་འདུག ང་ཚོ་ངག་ནས་འབོད་ཚིག་སྒྲོག་བཞིན་བསྐོར་ལམ་ལས་རུ་སྟར་འགྲིམ་ཚར་རྗེས་ལུས་རྩལ་ཐང་གི་དཀྱིལ་དུ་བསྡད་པ་དང་། དེ་ནས་དམའ་གཅིག་འཛིན་གྲྭ་ཕྱེད་ཀ་ཙམ་བསྐྱོད་ཚར་རྗེས་ཁ་བ་འབབ་ཞོད་རིམ་བཞིན་ཇེ་ཆེར་ཕྱིན་པས། བྱེད་སྒོ་གནས་སྐབས་མཚམས་འཇོག་བྱས་པས་ང་ཚོ་འཛིན་གྲྭའི་ནང་དུ་མི་ལོག་ཀ་མེད་བྱུང་།

ཕྱི་དྲོ་ཙམ་ལ་སླེབས་དུས་གངས་ཆར་འབབ་ཚད་ཆུང་དུ་ཕྱིན་པ་དང་། ང་ཚོ་ལུས་རྩལ་ཐང་གི་ཕྱོགས་སུ་བསྐྱོད། དེ་ནས་འགྲན་ཚོགས་ཀྱང་འགོ་ཚུགས་པས་སློབ་མ་ཚང་མས་དགའ་སྣང་ཚད་མེད་བྱེད་བཞིན་འདུག ཉིན་དང་པོའི་འགྲན་ཚོགས་མཇུག་བསྒྲིལ་ནས་ཉིན་གཉིས་པ་སླེབས། ང་ཚོའི་རྒྱུག་ཤར་གློད་མཁན་གྱི་སློབ་མ་རྣམས་འགྲན་རར་ཕྱིན་སོང་། དུས་ཚོད་སྐར་ཆ་རེ་རེ་བཞིན་ཕྱིན་པ་དང་། ངས་བདམས་པའི་ལུས་རྩལ་རྣམ་གྲངས་རྒྱང་མཆོངས་འགྲན་རྒྱུའི་དུས་ལ་བབས། ང་རིམ་བཞིན་དངངས་སྐྲག་ལངས་འགོ་ཚུགས། ཡིད་ལ་འཆར་རྒྱུ་ནི་སློབ་མ་དག་གིས་བཅོལ་བའི་རེ་བ་དང་འཛིན་གྲྭའི་གཟི་བརྗིད་བརྩོན་ལེན་བྱེད་ཐུབ་མིན་དེ་ཡིན། མཆོངས་ཐེངས་མང་པོ་ཞིག་བརྒྱུད་དེ་མཐའ་མཇུག་འཛིན་གྲྭ་བཅོ་བརྒྱད་ཀྱི་སློབ་མ་སོ་དྲུག་ལས་བདུན་བརྒྱད་གཅིག་ལས་ལྷག་མི་འདུག་ཅིང་། ང་ཚོའི་འཛིན་གྲྭའི་སློབ་མ་བསྟན་འཛིན་སྣང་གསལ་ངེད་གཉིས་དེའི་གྲས་སུ་ཚུད། མི་རེར་གོ་སྐབས་གཉིས་རེ་སྤྲད་པས། བསྟན་འཛིན་སྣང་གསལ་ཨང་དང་པོ་དང་། ང་ཨང་ལྔ་པ་རེད་འདུག དྲང་པོར་བཤད་ན། གྲུབ་འབྲས་དེ་ངའི་ཐོག་མའི་དམིགས་ཚད་དང་བསྡུར་ན་བློ་ཡིད་ཚིམས་པ་ཞིག་གཏན་ནས་མ་རེད་མོད། ཨང་དང་པོ་བསྟན་འཛིན་སྣང་གསལ་གྱིས་བླངས་པས་སེམས་ལ་གནོང་འགྱོད་དེ་ཙམ་མི་ཆེ།

ངས་ཐོ་བཀོད་པའི་ལུས་རྩལ་རྣམ་གྲངས་གཞན་ཞིག་ནི4 400ཡི་མཐུད་རྒྱུག་འགྲན་སྡུར་ཡིན། ང་ཚོའི་རེ་བ་ཆེ་ཤོས་དེ4 100ཡི་བུ་མོའི་ཚོགས་ཆུང་ལ་བཅོལ་ཡོད་པ་ལས། ང་ཚོའི་ཚོགས་ཆུང་དེར་རེ་བ་ཆེན་པོ་བཅོལ་མྱོང་མེད་མོད། བསམ་ཡུལ་ལས་འདས་པ་ལ་ང་ཚོར་ཨང་གསུམ་པ་ཐོབ་འདུག་ཅིང་། 4 100ཡི་ཚོགས་ཆུང་དེར་ཨང་ལྔ་པ་ཐོབ་པ་རེད། མཇུག་འབྲས་ཤེས་འཕྲལ་ང་ཚོ་ཤིན་ཏུ་དགའ་ནས་སྤྲོ་བ་གནོན་མི་ཐུབ་པ་ལྟར་གྱུར།

ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་ང་ཚོའི་འཛིན་གྲྭའི་སློབ་མ་རྣམས་ཀྱིས་རང་གི་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་པས། འཛིན་གྲྭ་ཁྱོན་ཡོངས་ཀྱི་གྲུབ་འབྲས་དེ་ལོ་རིམ་དགུ་པའི་འཛིན་གྲྭ་ནང་ཁུལ་ལས་མཐོ་གྲས་སུ་གྱུར་ཡོད་པས། མཐའ་མཇུག་ང་ཚོ་དྲན་རྟེན་གྱི་ཚུལ་དུ་བྱ་དགའི་རྟགས་མ་དང་གཟེངས་ཤོག་ཐམས་ཅད་འཛིན་བདག་གི་ཕྱག་ལ་ཉར་ཞིང་བྱ་དགའ་ཐོབ་པའི་སློབ་མ་རྣམས་ཀྱིས་མཐའ་ནས་བསྐོར་བའི་འདྲ་པར་ཞིག་བླངས་ཤིང་། འཛིན་གྲྭའི་སློབ་མ་ཚང་མ་མཉམ་དུ་དྲན་རྟེན་གྱི་འདྲ་པར་ཞིག་ཀྱང་བརྒྱབ་ཏེ་འགྲན་ཚོགས་དེར་རྫོགས་ཚིག་བཀོད། “ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་བསྒྲིལ་བ”ཞེས་པའི་ཚིག་དུམ་དེ་ཚང་མར་མིན་པར་ང་ཚོའི་འཛིན་གྲྭ་ལྟ་བུ་ལ་སྦྱར་ན་ད་གཟོད་དོན་དུ་གནས་པ་ཞིག་ཏུ་ཁོ་མོས་འདོད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོ་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博