http://zw.xzqnb.cn/Content/weixinlogo.png
མིག་སྔ་ནི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཡིན་ཞིང་། ལྷོ་ཁ་
http://zw.xzqnb.cn/m/content/2026-07/24/001890.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་དབུ་དཀར་ཞབས་ཞུའི་རྣམ་པ་གསར་པ་བཏོད་པ།

ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་དང“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་དང“བཟང་པོ་བཞི་ལྡན”ཏང་ཡོན་གྱི་མིང་འདོགས་པའི་ཞིབ་དཔྱད་གཏན་འཁེལ་ཚོགས་འདུ་ལྷ་སར

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ།

སི་ཕེན་རུ་ཁག་ལ་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ།

等待处理…

དྲ་ཐོག་ཐད་གཏོང“ཞིང་ལས་གསར་པར”གྱུར་པ།

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ།

2026年07月24日

མིག་སྔ་ནི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རར་ཚོང་དུད་མང་པོ་ཡོད་ལ་མངགས་ཐོའང་རྒྱུན་ཆད་རྒྱུ་མེད། སྔོན་ཆད་དང་མི་འདྲ་བར་ད་ལོ་ཞིང་འབྲོག་པ་མང་པོ་ཞིག་གི་ལག་ཐོགས་ཁ་པར“ཞིང་ལས་ཡོ་བྱད་གསར་པར”གྱུར་པ་དང་དྲ་ཐོག་ཐད་གཏོང“ཞིང་ལས་གསར་པར”གྱུར་པ་སྟེ། ས་གནས་དེ་གས་ཁྱུག་དབྱིངས་དང་སྐད་འཕྲིན་གྱི་བརྙན་ལམ་ཨང་རྟགས་སོགས་ཀྱི་ལས་སྟེགས་བརྒྱུད། དབྱར་རྩྭ་དགུན་འབུ་དང་སྟར་ཁ་སོགས་ཐོན་རྫས་ཡག་པོ་རྒྱ་ཚ་རྫོང་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་25ལ་བཙོངས་ཡོད།

ད་ལོ་ཚུན། རྒྱ་ཚ་རྫོང་གིས་ཞིང་འབྲོག་པར་འབབ་འཕར་གཏོད་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས“འཛད་སྤྱོད་ཞིང་སྐྱོར་དང་དྲ་ཚོང་ཞིང་དར”གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་དང་། དྲ་ཚོང་གི་ཐད་གཏོང་ཁང་རིམ་སྤོར་སྒྱུར་བཀོད་བྱས་པ་མ་ཟད། ད་དུང་ཁྱུག་དབྱིངས་ཀྱི“བོད་ཀྱི་དབྱར་རྩྭ་དགུན་འབུའི་ཆེད་དོན་འདུ་ཚོགས”ཀྱི་གཞུང་ཕྱོགས་དབང་ཆ་ཐོབ་པར་བྱས་ཏེ། ས་གནས་དེ་གའི་དྲ་གྲགས་རྒྱ་ཚའི་ཁྱད་ལྡན་ཐོན་རྫས་ཀྱི་ཐད་གཏོང་ཟོག་ཚོང་པར་གདན་དྲངས་པས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མགྱོགས་མྱུར་ཆེ་རུ་ཕྱིན་ཡོད།

གྲངས་གཞི་ནི་ལན་ཡག་ཤོས་ཤིག་ཡིན་ཞིང་། མིག་སྔའི་བར་རྒྱ་ཚ་རྫོང་གི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་དྲ་ཐོག་ནས་མངགས་ཐོ་རྐྱང་པ་800ཙམ་བླངས་པར་ཉོ་ཚོང་དངུལ་འབོར་སྒོར་ཁྲི་8ཙམ་ཟིན་ཡོད། དེ་དང་ཆབས་ཅིག་རྒྱ་ཚ་རྫོང་གིས་དྲ་ཐོག་ཐབས་ལམ་མང་པོ་བརྒྱུད་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་བྱས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཟིན་ནས། ཞིང་འབྲོག་པར་ཐད་ཀར་འབབ་འཕར་སྒོར་ཁྲི་20ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

པད་ཆོས་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博