ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“གཞིས་རྩེ་གྲོང་ཁྱེར་གྱི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དགུ་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྐབས་བཅུ་དགུ་པའི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་2026ལོའི་ཟླ་8པའི་ཚེས་12ནས་ཚེས་20ཉིན་བར་གཉེར་རྒྱུ་དང་འགོ་ཚུགས་མཛད་སྒོ་དེ་ཟླ་8ཚེས་12ཉིན་གཞིས་རྩེ་ཇོ་རིའི་རིག་གནས་གསར་གཏོད་གླིང་ཁུལ་དུ་འགོ་ཚུགས་རྒྱུ། བྱེད་སྒོ་དེ་གྲོང་ཁུལ་གྱི་རིག་གནས་གསར་གཏོད་གླིང་ཁུལ་དང་རྫོང་མང་པོར་ཁྱབ་ནས་བྱེད་སྒོ་ཚང་མར་མི་ཚང་མ་ཞུགས་ཆོག་པ་དང་། མི་ཚང་མ་མཉམ་འགུལ་གྱིས་ཉམས་ལེན་བཅས་བྱེད་ཆོག
ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་གཞིས་རྩེའི་གཟུགས་བརྙན་མངོན་པ་དང་། རིག་གནས་སྤེལ་རེས་ལ་སྐུལ་འདེད། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཡིན། རིག་གནས་ཡུལ་སྐོར་གྱི་ཚོགས་འདུ་ད་ལྟ་བར་སྐབས་བཅོ་བརྒྱད་ལེགས་གྲུབ་བྱུང་ཡོད་པ་རེད།
སྐབས་འདིའི་བྱེད་སྒོ་ནི“ཇོ་རྩེའི་ཕ་ཡུལ·བཀྲ་ཤིས་གཞིས་རྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བོད་རང་སྐྱོང་ལྗོངས་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་མཉམ་འདྲེས་གཏིང་ཟབ་བྱས་ཤིང་། ་རིག་དངོས་མཉམ་འབྲེལ་འགྲེམས་སྟོན་ཇུས་འགོད་དང་ཁྱབ་སྤེལ་བྱས་པ། གནའ་གཞུང་གྲངས་གཞི་ཅན་གྱི་གྲུབ་འབྲས་འགྲེམས་སྟོན། བོད་ཀྱི་ཟློས་གར་དང་ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ཇུས་འགོད། ཇོ་རྩེའི་ཞིམ་ཟས་མཚན་མོའི་ཁྲོམ་ར་རིམ་སྤོར། རིག་གནས་གསར་གཏོད་ཀྱི་རྒྱན་གོས་གསར་གཏོད་སོགས་འགྲན་བསྡུར་ཆེ་མོ་གཉེར་ཏེ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་འཕེལ་རྒྱས་གླེང་སྟེགས་དང་རྒྱལ་མཚམས་སྒྲོལ་བའི་ཚོང་ཟོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་བཅས་ཁྱད་ལྡན་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད།
གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་བཞིགས་ན། བྱེད་སྒོ་དེ“འོང་སྐོར་དུས་ཆེན”དང་ཏག་ཏག་འཁེལ་བས་སྐབས་དེར་དྲ་ཐོག་ཐད་གཏོང་ཡན་ལག་ཚོགས་ར་བཙུགས་ནས་མང་ཚོགས་ཚོས“འོང་སྐོར་དུས་ཆེན”གཏོང་ཞོར་རིག་གནས་ཡུལ་སྐོར་གྱི་འཁྲབ་སྟོན་ལྟ་རུ་འཇུག་རྒྱུ་ཡིན་པ་རེད། བྱེད་སྒོའི་རིང་ད་དུང་ལས་རིགས་ཁག་གི་ལེ་ལག་ཚང་བའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས་གཞིས་རྩེའི་རིག་གནས་ཡུལ་སྐོར་དང་། སྒོ་དབྱེ། གྲོང་གསེབ་དར་རྒྱས་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།


