http://zw.xzqnb.cn/Content/weixinlogo.png
“ཏིང་ཏིང་ཏིང་”ཞེས་པའི་དྲིལ་བུའི་སྒྲ་ཞིག་གློ་བུར་དུ་བོད་རང་སྐ
http://zw.xzqnb.cn/m/content/2026-07/10/001870.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་དབྱིངས་ཞུགས་རྣམ་པའི་ཐོག་ནས་བདེ་འཇགས་ནང་སྦྱོང་བྱས་པ།

བཅའ་ཁྲིམས་ཁྱབ་གདལ་སྒྲ་ཁུག་ལེ་ཚན་བཏོན་ཏེ“བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་བྱས་པ།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རིག་གནས་ཡུལ་སྐོར་གྱི་དམངས་གཉེར་ཁེ་ལས་སུ་བརྟག་ཞིབ་གནང་བ།

ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོས་ས་ཡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ།

等待处理…

བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་དབྱིངས་ཞུགས་རྣམ་པའི་ཐོག་ནས་བདེ་འཇགས་ནང་སྦྱོང་བྱས་པ།

2026年07月10日

“ཏིང་ཏིང་ཏིང་”ཞེས་པའི་དྲིལ་བུའི་སྒྲ་ཞིག་གློ་བུར་དུ་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་གྲགས་ཤིང་། ཟླ་6པའི་ཚེས་27ཉིན་དབྱིངས་ཞུགས་རྣམ་པའི་ཕྱོགས་བསྡུས་རང་བཞིན་གྱི་འཕྲལ་སྡོམ་བདེ་འཇགས་ཀྱི་ནང་སྦྱོང་འཁྲུག་ཆ་དོད་པོ་བྱེད་འགོ་ཚུགས་པ་རེད། བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་ལྷ་ས་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོ་དང་མཉམ་འབྲེལ་བྱས་ཏེ། གཞོན་ནུ་ལོ་ཆུང་ཕོ་བྲང་གི་སློབ་མ་དང་དགེ་རྒན་500ལྷག་ཙམ་ལ་མིག་གིས་མཐོང་ཐུབ་པ་དང་ལག་པས་རེག་ཐུབ་པའི་བདེ་འཇགས་ངེས་སྦྱོང་གི་སློབ་ཚན་ཞིག་ཚོགས་པ་རེད།

ཉེན་བརྡ་གྲགས་མ་ཐག་སློབ་ཁང་ནང་གི་སློབ་མ་ཚོ་འཕྲལ་མར་བབ་བསྟུན་གྱིས་ཚང་མས་ཉེན་གཡོལ་གྱི་གནད་འགག་བློ་ལ་བརྟན་པོར་ངེས་ཏེ་མགྱོགས་མྱུར་ལག་པ་གཉིས་ཀྱིས་མགོ་སྲུང་བ་དང་སྒྲོག་ཙེའི་འོག་ཏུ་གཡོལ་འགུལ་གྱི་བྱ་སྤྱོད་སྤེལ་ནས། ལམ་སེང་ཁ་གྲམ་པ་དང་བཀའ་རྒྱ་ཕབ་རྗེས་དགེ་སློབ་ཡོངས་ཀྱིས་རྐེད་པ་སྒུར་ནས་མགོ་བཀབ་སྟེ་རུ་ཁག་གཉིས་སུ་བགོས་ནས་བདེ་འཇགས་བགྲོད་ལམ་བརྒྱུད་མགྱོགས་མྱུར་མདུན་དུ་བསྐྱོད་པ་དང་། ས་གནས་ས་ཐོག་གི་ལས་དོན་མི་སྣས་ལམ་ཧྲིལ་པོར་སྒྲིག་ལམ་རྒྱུན་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་འཚང་ཁ་མེད་པར་སྐར་མ་ཁ་ཤས་ནང་མི་སྣ་ཚང་མ་ཁང་པའི་ཕྱི་རོལ་གྱི་རྐང་རྩེད་སྤོ་ལོའི་ཐང་དུ་བདེ་འཇགས་ངང་བསྡུ་རུབ་བྱས་པ་རེད།

རུབ་འཛོམས་ས་ཁོངས་དེ་གསོན་ཉམས་ལྡན་པའི་བདེ་འཇགས་ཚན་རིག་ཁྱབ་གདལ་སློབ་ཁང་དུ་གྱུར་པས། ལྷ་ས་མེ་ཟོན་རོགས་སྐྱོབ་སྐབས་བབ་བསྟུན་སྤྱོད་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་བཀོད་འདོམས་པ་ཧོང་ཙུང་ལེ་བདེ་འཇགས་འཆད་ཁྲིད་དགེ་རྒན་དུ་གྱུར་ནས་ས་ཡོམ་གྱི་ཉེན་གཡོལ་ཐབས་རྩལ་དང་། ཐོག་མའི་མེ་སྐྱོན་གསོད་སྐྱོབ། ཆུར་བྱིང་ཚེ་རང་སྐྱོབ་ཀྱི་ནུས་པ། རྒྱུན་གཏན་གྱི་འགྲོ་སྐྱོད་འགོག་སྲུང་སོགས་འགག་རྩའི་ནང་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་ནང་མཉམ་འགུལ་ཉམས་ལེན་གྱི་ལྷུ་ཚིགས་མང་པོ་བཀོད་སྒྲིག་བྱས་ཡོད་པ་སྟེ། གཤིས་ཀ་འཇམ་ལ་སྤྱང་གྲུང་ལྡན་པའི་འཚོལ་སྐྱོབ་ཁྱི་འཚོལ་སྐྱོབ་ཀྱི་བྱེད་སྒོའི་ཐོག་ཞུགས་པས་ཕྲུ་གུ་ཚོས་དགའ་འབོད་ཆེན་པོ་བྱེད་ཀྱི་ཡོད། ཚང་མས་ཐག་ཉེ་སར་འཚོལ་སྐྱོབ་ཀྱི་ཁྱི་དང་མཉམ་འགུལ་གྱིས་མེ་ཟོན་འཚོལ་སྐྱོབ་ལས་དོན་ལ་ཐད་ཀར་ཤེས་རྟོགས་བྱས་པ་དང་། ས་གནས་ས་ཐོག་ཏུ་སྤྲོ་སྣང་ལྡན་པའི་མེ་ཟོན་ཤེས་བྱའི་དྲི་བ་དྲིས་ལན་སྤེལ་བས་སློབ་གྲོགས་ཚོས་ཧུར་ཐག་གིས་ལག་པ་ཡར་བཀྱགས་ནས་ལན་བཏབ། དྲི་བ་དྲིས་ལན་གྱི་ཁྲོད་བདེ་འཇགས་ཀྱི་རྒྱུན་ཤེས་སྲ་བརྟན་དུ་གཏོང་དགོས་དུས་དངོས་སྦྱོང་བྱ་ཡུལ་དུ་བཀོད་འདོམས་དང་འཐབ་འཛིང་པས་སློབ་མར་མེ་གསོད་ཡོ་བྱད་བཟུང་ནས་ས་གནས་ས་ས་ཐོག་ཏུ་མེ་ཁུངས་ལེགས་གྲུབ་ཀྱིས་མེ་གསོད་བཀོལ་སྤྱོད་ལ་མཛུབ་ཁྲིད་བྱས་པ་རེད།

“དེ་སྔ་སྲོག་ཉེན་ལས་ཐར་ཐབས་ཀྱི་ཤེས་བྱ་སློབ་དེབ་ནང་མ་གཏོགས་མཐོང་མ་མྱོང་། ད་ཆ་ས་ཡོམ་ལས་གཡོལ་བ་དང་ཁ་གྲམ་པའི་བརྒྱུད་རིམ་དངོས་སུ་སློབ་སྦྱོང་བྱས་པ་མ་ཟད། ད་དུང་མེ་གསོད་ཡོ་བྱད་སྤྱོད་རྒྱུ་སློབ་སྦྱོང་བྱས་པ་དང་འཚོལ་སྐྱོབ་ཁྱི་དང་ཐག་ཉེ་པོར་ཐུག་འཕྲད་བྱས་པས་གཞི་ནས་ཉེན་ཁ་འཕྲད་སྐབས་ཇི་ལྟར་བྱེད་དགོས་མིན་དངོས་སུ་ཤེས་བྱུང་། ”ཅེས་སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་བཀྲ་གཡང་གིས་གྲུབ་འབྲས་ཐོབ་པའི་ངང་བཤད། སློམ་མ་བཀྲ་གཡང་གིས་སླད་ཕྱིན་གྱི་དུས་ཚོད་ནང་བདེ་འཇགས་ཤེས་བྱར་སློབ་སྦྱོང་བྱས་ནས་རང་འགུལ་ངང་རང་ཉིད་འགོག་སྲུང་ཡག་པོ་བྱ་རྒྱུ་ཡིན་ཞེས་ཁ་གསབ་བྱས།

བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིའི་ཀྲུའུ་རེན་དངོས་གྲུབ་ཀྱིས་བདེ་འཇགས་ནི་སློབ་ཕྱིའི་མི་སྣའི་གསོ་སྐྱོང་ལས་དོན་གྱི་གལ་ཆེའི་ནང་དོན་ཞིག་ཡིན། ད་ཐེངས་ཀྱི་ས་ཡུལ་དངོས་ཀྱི་ཕྱོགས་བསྡུས་ནང་སྦྱོང་གིས་ལག་ལེན་སློབ་གསོ་རྟེན་གཞིའི་བབ་བསྟུན་ཐག་གཅོད་རང་བཞིན་ལ་དོན་དངོས་ཀྱི་ཞིབ་བཤེར་ཡག་པོ་བྱས་པས། གོམ་སྟབས་རྗེས་མར་ལག་ལེན་རྟེན་གཞིས་བདེ་འཇགས་དངོས་སྦྱོང་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། བདེ་འཇགས་དྲིལ་བསྒྲགས་བཅས་རྒྱུན་རྣམ་ཅན་གྱི་ལས་དོན་ནང་བཅུག་ནས་རྒྱུན་མཐུད་ཀྱིས་གཞོན་ནུ་ལོ་ཆུང་གི་བདེ་འཇགས་འགོག་སྲུང་དྲ་བ་ཚགས་དམ་པོ་བཟོས་ཏེ་གཞོན་ནུ་ལོ་ཆུང་ཚོ་བདེ་འཇགས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་ནན་ཏན་བྱ་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博