http://zw.xzqnb.cn/Content/weixinlogo.png
འདི་ནི་བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་
http://zw.xzqnb.cn/m/content/2026-07/10/001868.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་མིའི(འཐུས་མི)ཚོགས་ཆེན་ཐེངས་བཞི་པ་ལྷ་སར་འཚོགས་པ།

མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།

等待处理…

བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་མིའི(འཐུས་མི)ཚོགས་ཆེན་ཐེངས་བཞི་པ་ལྷ་སར་འཚོགས་པ།

2026年07月10日

འདི་ནི་བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་མིའི(འཐུས་མི)ཚོགས་ཆེན་ཐེངས་བཞི་པའི་ཚོགས་ར་ཡིན་པ།

ཟླ་6ཚེས་26ཉིན་བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་མིའི(འཐུས་མི)ཚོགས་ཆེན་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཡུན་གྱིས་མཐུན་ཚོགས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་དོན་སྙན་ཞུ་ དང་གསུང་བཤད་ཀྱང་གནང་བ་རེད། ཚོགས་མིའི་འཐུས་མི་80ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་དང་བླངས་ཞབས་ཞུའི་བྱ་གཞག་ལ་དེ་བས་ཐུགས་ཁུར་གནང་བ་དང་། དང་བླངས་ཞབས་ཞུའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། འཕྲིན་ལན་ཐེངས་མང་བཏང་ནས་རྒྱ་ཆེའི་དང་བླངས་པར་སྐུལ་ལྕག་གནང་། དང་བླངས་ཞབས་ཞུའི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་གཞི་རྩའི་བརྩི་སྲུང་མཁོ་འདོན་གནང་བ་རེད། འདས་ཟིན་པའི་ལོ་ཤས་ནང་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་དང་བླངས་པ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གཞི་རིམ་དུ་རྨོ་འདེབས་ཟབ་མོ་དང་། ཁྱོན་ཡོངས་ལ་ཞབས་ཞུ། ལྷག་བསམ་རྣམ་དག རྒྱ་ཆེའི་དང་བླངས་པ་རྣམས་མི་རིགས་མཐུན་སྒྲིལ་དང་། མཐའ་མཚམས་དར་རྒྱས་དམངས་ཕྱུག་ཅན། གྲོང་གསེབ་དར་རྒྱས། སྣོད་བཅུད་སྲུང་སྐྱོབ། ཤེས་དཔལ་གསར་གཏོད། འགྲན་བསྡུར་འགན་ལེན། འཕྲལ་སྡོམ་རོགས་སྐྱོར། རྒན་བཀུར་སློབ་སྐྱོར། གཞི་རིམ་བཅོས་སྐྱོང་སོགས་འཐབ་ཕྱོགས་དང་པོའི་ཁྱབ་ཁོངས་སུ་འཁྲུག་ཆ་དོད་པོས་དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་རྣམས་ཀྱིས་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་། དགེ་ཕྱོགས་ཡར་སྐྱོད། ཁུར་པོ་ལྗིད་པོ་འཁུར་བ་བཅས་ཀྱི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་དང་བརྟན་པོའི་ངང་ རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་དང་བླངས་ལག་ལེན་དེ་གཞོན་ནུའི་བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཁང་གསོན་པོ་ཞིག་ཏུ་བརྩིས་ཏེ་རྒྱ་ཆེའི་གཞོན་ནུ་དང་བླངས་པ་ཚོས་མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་འཕེལ་རྒྱས་དང་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ནང་འདྲེས་པར་ཁྲིད་སྟོན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བརྟན་སྲུང་གནང་ཡོད། ལྟེ་བའི་ཁྱོན་ཡོངས་ལ་དམིགས་པ་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཆེན་པོ”སེམས་ལ་བཅངས་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གཞི་རིམ་གྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་འདུན། བཅོས་སྐྱོང་གི་དགོས་མཁོ་བཅས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ་རྒྱུན་རྣམ་ཅན་དང་གནད་ལ་འཁེལ་བའི་སྒོ་ནས་ཁྱད་ལྡན་དང་བླངས་ཞབས་ཞུ་སྤེལ་ཏེ་ཛ་དྲག་དང་དཀའ་ཚེགས་ཆེ་བའི་ལས་འགན་ཁྲོད་རང་འགུལ་ངང་ཐོབ་ཐང་མངོན་པ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འདོན་སྤེལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་སྐྱིད་གོང་འཕེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཟབ་མོ་དང་མཉམ་འདྲེས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་དང་བླངས་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་གཞི་རིམ་གྱི་དང་བླངས་གཡུལ་སར་བརྟེན་ནས་མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་དང་། ཁྱིམ་མཚེས་ཕན་ཚུན་རོགས་སྐྱོར། ཆ་སྒྲིག་རོགས་སྐྱོར། རིག་གནས་མཉམ་སྤྱོད་སོགས་ཀྱི་སེམས་དྲོད་ལྡན་པའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས་མི་རིགས་ཁག་གི་གཞོན་ནུ་ཚོས་ཐུན་མོང་ཐོག་ཞབས་འདེགས་ཞུ་བ་དང་ཐུན་མོང་ཐོག་ལེགས་སྐྱེས་འབུལ་བའི་ཁྲོད་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་སྤུས་རྟགས་སྤུས་ཚད་མཐོ་རུ་གཏོང་བ་དང་ཆེད་ལས་ཀྱི་ནུས་པ་སྤྲོད་རྒྱུར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་དང་བླངས་ཞབས་ཞུའི་འཕེལ་རྒྱས་ཀྱི་བླང་བྱ་དང་རང་འགུལ་ངང་བསྟུན་ཏེ་རིམ་ཁག་དང་བླངས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དབྱེ་འབྱེད་བྱེད་ཚད་མཐོ་བ་དང་། ཤུགས་རྐྱེན་ཆེ་བ། མང་ཚོགས་ཀྱིས་ཁས་ལེན་བྱེད་པ་བཅས་ཀྱི་ས་གནས་དེ་གའི་གཞོན་ནུའི་དང་བླངས་སྤུས་རྟགས་ཁག་གཅིག་བཏོད་དེ་དང་བླངས་ཞབས་ཞུ་རྣམ་གྲངས་ཅན་དང་། སྤུས་རྟགས་ཅན། ཆེད་ལས་ཅན། རྒྱུན་རྣམ་ཅན་བཅས་སུ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ལང་ཚོའི་མཉམ་ཤུགས་གཅིག་ཏུ་སྒྲིལ། སྐབས་གསར་པའི་མཐུན་ཚོགས་ཀྱིས་རྩ་འཛུགས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་སྟོབས་ཤུགས་ཆེ་རུ་གཏོང་བ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་དང་བླངས་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་རྨང་གཞི་སྟེགས་བུ་འདིང་བ་དང་སྲུང་སྐྱོབ་བྱེད་དགོས།

ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ(འཆར་ཟིན)དང་། 《བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག(དག་བཅོས་འཆར་ཟིན)(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་འདེམས་བསྐོའི་བྱ་ཐབས(འཆར་ཟིན)》དང་《བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་སྐབས་བཞི་པའི་ཚོགས་མི(འཐུས་མི)ཚོགས་ཆེན་གྱི་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ》སྒྲོག་སྦྱངས་བྱས་པ་དང་། སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་51དང་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་13བདམས་ཐོན་བྱུང་བ། གུང་གཞོན་སྡེ་ཚོགས་པའི་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཡུན་སྐབས་བཞི་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལ་བདམས་ཐོན་བྱུང་བ། བོད་ལྗོངས་སྤོན་ནག་ཚང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་འཇམ་དབྱངས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་བ་བཅས་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博