http://zw.xzqnb.cn/Content/weixinlogo.png
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་དང
http://zw.xzqnb.cn/m/content/2026-06/12/001822.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

རང་ལྗོངས་ཀྱི་2026ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་བ།

སློབ་གྲྭར་མེ་ཟོན་བདེ་འཇགས་ཀྱི་སློབ་གསོ་སྤེལ་བའི་བྱེད་སྒོ་གཉེར་བ།

“སྐོར་སྐྱོད་སློབ་ཚན”བརྒྱུད་ལྷ་སའི་རྣམ་པ་གསར་པར་ལྟ་བ།

等待处理…

ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་བ།

2026年06月12日

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་དང་ཕྱོགས་མང་ཤུགས་འདོན་བརྒྱུད། སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

ཚན་རྩལ་གྱིས་གནད་སྨིན་ངང་མཐུན་རྐྱེན་སྦྱར་ཏེ་སྐྱེ་ཁམས་བདག་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཚད་ལྡན་ཅན་གྱི་སྐྱོབ་བཅོས་མ་ལག་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ས་ཁོངས་སུ་ཁྱབ་པའི་རི་སྐྱེས་སྲོག་ཆགས་སྐྱོབ་བཅོས་ས་ཚིགས་3བསྐྲུན་པར“སྨན་བཅོས་དང་། དྲག་སྐྱེད། གློད་པ་བཅས་ཟུང་དུ་འབྲེལ་བའི”གདུབ་ཟུམ་གྲུབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རིམ་རྩིས་བརྒྱབ་ན་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་300ལྷག་ཙམ་སྐྱོབ་བཅོས་བྱས་པ་རེད། “གནམ་ས་བར་གསུམ་གཞི་གཅིག་ཅན”གྱི་རིག་ལྡན་དོ་དམ་ལས་སྟེགས་བཏོད་པ་དང་སྲུང་སྐར་རྒྱང་ཚོར་དང་མི་མེད་གནམ་གྲུས་སྐོར་གཡེང་སོགས་མཉམ་འདྲེས་བྱས་པས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། AIདབྱེ་འབྱེད། གྲངས་འཛིན་ཅན་གྱི་སྐོར་སྲུང་བཅས་ཁྱོན་ཡོངས་ལ་ཁྱབ་ནས་སྐོར་སྲུང་ལས་ཕྱོད་30%མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། “ལག་རྩལ་འགོག་སྲུང་དང་རིག་ནུས་འགོག་སྲུང་ཟུང་འབྲེལ”གྱི་བདག་སྐྱོང་བྱེད་སྟངས་གསར་པ་སྤྱོད་འགོ་ཚུགས་པ་རེད།

ཆེད་ལས་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དངོས་རིགས་ཐོན་ཁུངས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་ཞིབ་ཁང་དང་སུའོ་མང་པོ་དང་མཉམ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་གདན་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བརྒྱུད་རིམ་ལྡན་པའི་ངང་བྱས་པར། ཆེད་དོན་བརྟག་དཔྱད་སྙན་ཞུ་དང་དབྱེ་འབྱེད་ལག་དེབ་མང་པོ་གྲུབ་པ་དང་གྲངས་འཛིན་ཅན་གྱི་གཞི་གདན་ཐོན་ཁུངས་དོ་དམ་ལས་སྟེགས་བསྐྲུན་ཡོད། དངོས་རིགས་ཀྱི་ཟིན་ཐོ་རྒྱུན་མཐུད་ཕུན་སུམ་ཚོགས་སུ་བཏང་བ་དང་རྩ་ཆེའི་རྩི་ཤིང་གནས་སྤོ་སྲུང་སྐྱོང་ལ་སྐུལ་འདེད་བཏང་ཐོག་མེ་ཏོག་རྫོང་སྣ་མའི་མེ་ཏོག་སྲུང་སྐྱོང་ས་ཚིགས་དང་སྐྱོབ་བཅོས་གླིང་བཙུགས་ཏེ། སྣ་མའི་མེ་ཏོག་རིགས་160ལྷག་ཙམ་གནས་སྤོ་ཉར་ཚགས་བྱས་པའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་དངོས་རིགས་30ལྷག་ཙམ་ཡོད་པ་རེད།

དམངས་ཡོངས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཐུན་མོང་ངོས་འཛིན་བརྟན་དུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཟུགས་བརྙན་མཚོན་རྟགས་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱས་ནས་ཆེད་གཏོགས་མཐོང་ཚོར་མཚོན་རྟགས་གཏན་འཁེལ་དང་འབྲེལ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། “དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི”དྲིལ་བསྒྲགས་སློབ་གསོའི་ཐབས་ལམ་བཏོད་དེ་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་ཁང་2བསྐྲུན་པ་དང་། སྐད་འཕྲིན་སྤྱི་རྟགས་དང་ཁྱུག་དབྱིངས་ཨང་རྟགས་ལ་བརྟེན་ནས་ཚན་རིག་ཁྱབ་གདལ་གྱི་ཆེད་སྒྲིག་ལེ་ཚན་རབ་དང་རིམ་པ་བཟོས་པ། དྲིལ་བསྒྲགས་པར་གཞི་ཡོངས་བསྒྲགས་བཅས་བྱས་ཏེ་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པ་དང་སྲུང་སྐྱོང་གི་འདུ་ཤེས་ཁྱབ་གདལ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དེ་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་བཏང་བ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博