http://zw.xzqnb.cn/Content/weixinlogo.png
ཟླ་5པའི་ཚེས་16ཉིན། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་བོད་ལ
http://zw.xzqnb.cn/m/content/2026-05/22/001787.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན།

བོད་ལྗོངས་གཞོན་ནུའི་དམངས་གཉེར་ཁེ་ལས་པས་ཕྲུ་གུ་ཚོར་སྔ་སྣུར་གྱིས་“དྲུག་གཅིག་ ”རོལ་རོགས་བྱས་པ།

等待处理…

བོད་ལྗོངས་གཞོན་ནུའི་དམངས་གཉེར་ཁེ་ལས་པས་ཕྲུ་གུ་ཚོར་སྔ་སྣུར་གྱིས་“དྲུག་གཅིག་ ”རོལ་རོགས་བྱས་པ།

2026年05月22日

ཟླ་5པའི་ཚེས་16ཉིན། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞི། བོད་ལྗོངས་གཞོན་ནུའི་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་མཁན་འཁུར་བའི་“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཞིག་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་གཉེར་ནས་སྔ་སྣུར་གྱིས་ལོ་ཆུང་བྱིས་པ་ཚོར་དྲུག་གཅིག་རོལ་རོགས་བྱས་པ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་གྱི་ཚོགས་ར་ཡིན་པ།

ཟླ་5པའི་ཚེས་16ཉིན། “དྲོད་ཁོལ་ལྡན་པའི་‘དྲུག་གཅིག’བྱིས་པའི་དུས་ཆེན་ལ་བློ་གཅིག་སེམས་གཅིག་གིས་ལྗང་བུའི་འཚར་ལོངས་ལ་རོགས་རམ”ཞེས་པའི་བོད་ལྗོངས་དམངས་གཉེར་དཔལ་འབྱོར་མི་སྣ་དང་ན་ཆུང་བྱིས་པ་མཉམ་དུ་“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཞིག་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞི་དང་བོད་ལྗོངས་གཞོན་ནུའི་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་ཞིག་ཡིན་པ་རེད། བོད་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣའི་འཐུས་མི་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་སློབ་མའི་འཐུས་མི་སོགས་ཁྱོན་མི་གྲངས་500ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་བོད་ཀྱི་གཞོན་ནུ་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱི་འཐུས་མི་ཚོས་བོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་བསྐྲུན་པའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་དུ་བསྐྱོད་དེ། འགྲེལ་བཤད་པ་ཆུང་ཆུང་ཚོ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་གསར་བརྗེའི་རིག་གནས། བོད་ཀྱི་གྲོང་ཁྱེར་འཕེལ་རྒྱས་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་པར་ཉན་པ་རེད། དེ་རྗེས་སུ་ཚོགས་ཞུགས་མི་སྣས་བོད་ཀྱི་སྤྱི་ཕན་སློབ་ཕྱིའི་ལག་ལེན་སློབ་གསོ་ཡི་སློབ་ཁྲིད་གྲུབ་འབྲས་ལ་ཞིབ་ཕྲའི་ཤེས་རྟོགས་བྱས་པ་དང་། རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་སློབ་མ་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་དང་། རོལ་ཆ་མཉམ་དཀྲོལ། བོད་ཀྱི་ཟློས་གར་གླུ་གཞས། མི་རིགས་ཞབས་བྲོ། ཁྲོམ་ལམ་གྱི་ཞབས་བྲོ། གནའ་བོའི་ཞབས་བྲོ་སོགས་ཀྱི་ལེ་ཚན་ལ་གཟིགས་པ་རེད།

བྱེད་སྒོའི་ནང་བོད་ལྗོངས་ན་གཞོན་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱིས་ཕྲུ་གུ་ཚོར་རིན་ཐང་སྒོར་ཁྲི་4ལྷག་ཙམ་གྱི་“དྲུག་གཅིག”དུས་ཆེན་གྱི་ལག་རྟགས་སྤྲད་པ་དང་ཕྲུ་གུ་ཚོས་རང་ཉིད་ཀྱིས་བྲིས་པའི་རྒྱ་བོད་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ཚུར་ལག་རྟགས་སྤྲད་པ་རེད། བྱེད་སྒོའི་བར་གསེང་དུ་ཚོང་ཚོགས་ཀྱི་འཐུས་མི་དང་ཕྲུ་གུ་ཚོས་མཉམ་དུ་རྩེ་མོ་རྩེད་ནས་དེ་བས་ཕན་ཚུན་ཤེས་རྟོགས་བྱས་པ་རེད།

རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་རྒྱ་ཡིག་ཡིག་གཟུགས་དགའ་ཕྱོགས་འཛིན་གྲྭའི་སློབ་མ་བསྟན་འཛིན་ཆོས་སྒྲོན་གྱིས་བྱེད་སྒོའི་ཁྲོད་དུ་“དེ་རིང་ང་དམིགས་བསལ་སྐྱིད་པོ་བྱུང་། ཨ་ཁུ་དང་ཨ་ནེ་ཚོས་ང་ཚོར་ཆེད་མངགས་སྒྲིག་བཟོ་བྱས་པའི་དཔེ་ཁུག་དང་ཆུ་ཕོར་སོགས་ལག་རྟགས་སྤྲད་ནས། ང་ཚོ་དང་མཉམ་དུ་སྔ་སྣུར་གྱིས་‘དྲུག་གཅིག’དགའ་གཏོང་གནང་གི་ཡོད་པས་དེ་རིང་གི་བྱེད་སྒོ་དེས་ང་ཚོའི་སློབ་མ་ཚང་མའི་བྱིས་དུས་ཀྱི་འོད་སྣང་འཕྲོ་ཐུབ་སྲིད”ཅེས་བཤད།

བོད་ལྗོངས་གཞོན་ནུའི་ཚོང་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་སུའུ་ཆིང་ཧྭ་ཡིས་“དེ་རིང་དོན་སྙིང་ལྡན་ལ་ཐུན་མོང་མ་ཡིན་པའི་བྱེད་སྒོ་དེ་འདྲ་ཞིག་ལ་ཞུགས་སྐབས་སེམས་ལ་དྲོ་སྐྱིད་དང་སེམས་འགུལ་གྱིས་ཁེངས་ཤིང་། ན་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་བྱ་རྒྱུ་ནི་ང་ཚོ་དམངས་གཉེར་དཔལ་འབྱོར་མི་སྣའི་འགན་འཁྲི་ཡང་ཡིན་པས་སླད་ཕྱིན་ང་ཚོས་སློབ་རོགས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་ནས། བོད་ཀྱི་ལོ་ཆུང་ཚོ་དགའ་སྤྲོའི་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱས་ཏེ་ལྗོངས་ཡོངས་ཀྱི་ན་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་གཞོན་ནུ་ཚོང་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་”ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博