http://zw.xzqnb.cn/Content/weixinlogo.png
ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་རོལ་རྩེད་ཁང་གི་མ་ལག
http://zw.xzqnb.cn/m/content/2026-05/15/001782.html
《汉文版》 《藏文版》

第04版:གལ་ཆེའི་གསར་འགྱུར།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་རོལ་རྩེད་ཁང་གི་མ་ལག་རང་བཞིན་གྱི་རིམ་སྤོར་སྒྱུར་བཀོད་བདེ་བླག་ངང་ལེགས་གྲུབ་བྱས་པ།

“ལོ་ལྔ་ཚན་བཅོ་ལྔ་པར་ལང་ཚོས་བྱས་རྗེས་བཞག་ནས་དུས་རབས་གསར་པའི་འགན་འཁྲི་ཕྲག་ཏུ་འཁུར”

བོད་ལྗོངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་དང་ལེན་བྱེད་ཚད་ལོ་ལྔའི་ནང་ལྡབ་11ཙམ་འཕར་བ།

等待处理…

བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་རོལ་རྩེད་ཁང་གི་མ་ལག་རང་བཞིན་གྱི་རིམ་སྤོར་སྒྱུར་བཀོད་བདེ་བླག་ངང་ལེགས་གྲུབ་བྱས་པ།

2026年05月15日

ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་རོལ་རྩེད་ཁང་གི་མ་ལག་རང་བཞིན་གྱི་རིམ་སྤོར་སྒྱུར་བཀོད་བདེ་བླག་ངང་ལེགས་གྲུབ་བྱས་པ་རེད། ནུས་མང་གཞི་གཅིག་གི་རིག་གནས་འཚོ་བའི་བར་མཐོངས་གཏོད་པ་བརྒྱུད། དཔོན་དམག་ཚོ་ཁ་པར་ལ་དབྱིངས་ཞུགས་ནས་མ་བསྡད་པར་མཉམ་སྡེབ་ཁོར་ཡུག་ཁྲོད་མཉམ་འདྲེས་ཐུབ་པར་ཁྲིད་སྟོན་གྱིས“ཚང་མ་ལག་ཐོགས་ཁ་པར་ལ་དབྱིངས་ཞུགས་པའི”རྣམ་པར་འགྱུར་ལྡོག་ནུས་ལྡན་བཏང་བ་རེད།

དེ་སྔོན་ངལ་གསོའི་རིང་འཐབ་འཛིང་པ་ཚོས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ལ་དབྱིངས་ཞུགས་ནས་སྡོད་ཀྱི་ཡོད། བྱེད་ཐབས་དེ་རིགས་ཀྱིས་ཚང་མའི་སྦྱོང་བརྡར་གྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཆ་འཕྲིན་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་ཐུབ་མོད། འོན་ཀྱང་དུས་ཡུན་རིང་པོ་སོང་ཚེ་འཐབ་གྲོགས་དབར་ཕན་ཚུན་སྤེལ་རེས་བྱེད་ཉུང་དུ་འགྲོ་གི་ཡོད།

གནད་དོན་དེ་ཤེས་རྗེས། དཔུང་སྡེ་དེས་དཔོན་དམག་ཚོའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་ཚང་མས་ཕྱོགས་བསྡུས་བྱེད་སྒོ་ཁང་གི་བྱེད་ནུས་ལ་རེ་སྒུག་བྱེད་ལུགས་དང་དགོས་མཁོ་དངོས་གང་ཡོད་པ་ཤེས་རྟོགས་གཏིང་ཟབ་བྱས་ཡོད། དཔེ་དེབ་འདེམས་སྒྲིག་དང་ཡོ་བྱད་བཀོད་སྒྲིག་བྱེད་པ་ནས་བར་མཐོངས་ཀྱི་བཀོད་པ་དང་རྣམ་པ་གཏོད་པའི་བར། ཕྱོགས་ཚང་མ་ནས་དཔོན་དམག་ཚོའི་དགའ་སྣང་དང་བསྟུན་ཏེ་སྤྱོད་གོ་ཆོད་པ་དང་དྲོ་སྐྱིད་ལྡན་པ་ཞིག་ཡོང་ཐབས་བྱས་ཡོད།

ཇུས་འགོད་དང་སྐུལ་འདེད་གཏོང་རིང་དཔུང་སྡེ་དེས་རྩ་འཛུགས་ཀྱི་ནུས་པ་གང་ལེགས་བཏོན་ནས། དཔོན་དམག་ཚོ་འཆར་འགོད་བཀོད་སྒྲིག་ནང་མཉམ་དུ་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་སྔར་ཡོད་ཀྱི་ས་ཆ་དེ་ལྟ་ཀློག་དང་། རོལ་རྩེད། ལུས་སྦྱོང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་བྱེད་སྒོ་ཁང་དུ་བསྒྱུར་ཡོད། ད་ཆ་དཔོན་དམག་ཚོ་ངལ་གསོའི་རིང་དེ་གར་འགྲོ་རྒྱུར་དགའ་བ་དང་དེ་སྤེལ་རེས་བྱེད་ས་དང་ཐུན་མོང་འཚར་ལོངས་བྱེད་སའི་མཉམ་སྡེབ་གཡུལ་ས་ཞིག་ཏུ་གྱུར་ཡོད།

ཕྱོགས་བསྡུས་བྱེད་སྒོ་ཁང་བེད་སྤྱོད་བཏང་ཚུན་དཔུང་སྡེ་དེའི་ལས་ཞོར་འཚོ་བའི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་སྟེ། དཔོན་དམག་ཚོས་སྦྱོང་བརྡར་དང་ལས་སྒྲུབ་བྱེད་ཞོར་དུ་དེ་གར་ངལ་གསོ་རྒྱག་པ་དང་དགའ་མོས་བྱེད་སྒོ་སྣ་ཚོགས་སྤེལ་བར་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཕན་ཚུན་བསམ་ཤེས་བྱེད་པ་དང་འཐབ་གྲོགས་དབར་གྱི་བརྩེ་བ་ཡང་ཟབ་ཏུ་ཕྱིན་ཏེ་དཔུང་སྡེ་ཁྱོན་ཡོངས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་ཡོད་པ་རེད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博