http://zw.xzqnb.cn/Content/weixinlogo.png
“སྒུག་རྟེན་སློང་གསུམ”གྱི་བསམ་བློ་རྙིང་པ་ནི་རང་ལྗོངས་ཀྱི་ས་གན
http://zw.xzqnb.cn/m/content/2026-04/24/001751.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མི་ཚེའི་གཏན་གྲོགས་བཟང་པོ།

༄༅། །ཞོགས་པ།

༄༅། །དཔྱིད་ཀྱི་དཔལ་ཡོན་བཞད་བྱུང་།

“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་ཏེ་དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་དགོས།

等待处理…

“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་ཏེ་དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་དགོས།

2026年04月24日

“སྒུག་རྟེན་སློང་གསུམ”གྱི་བསམ་བློ་རྙིང་པ་ནི་རང་ལྗོངས་ཀྱི་ས་གནས་ཉུང་ཤས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“བཀག་རྡོ”ལྟ་བུ་རེད། མི་ལ་ལས་སྲིད་ཇུས་མེད་པ་དང་མ་དངུལ་དཀོན་པ་དེ“ལས་མི་བྱེད་པའི”ཁ་གཡར་སར་བརྩིས་ཏེ་གོང་རིམ་ལ་སྲིད་ཇུས་བཟོ་རོགས་དང་མ་དངུལ་སྤྲོད་རོགས་ཟེར་བ་ལས་རང་ངོས་ཀྱི་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་སྣང་མེད་དུ་གཏོང་བ་དང་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་བརྗེད་ཀྱི་ཡོད། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་ནས། ཐོན་ཁུངས་གསར་གཏོད་ལྡན་པའི་ངང་སྤྱོད་པ་དང་། དངོས་སྒྲུབ་ལ་བརྟེན་ནས་དཀའ་གནད་བསལ་ཚེ། གཞི་ནས“རོགས་སྐྱོར་ཁོ་ནར་བརྟེན་མི་དགོས་པའི”འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་ཐུབ།

“སྒུག་རྟེན་སློང་གསུམ”གྱི་བསམ་བློའི་ངོ་བོ་ནི་སྒྱིད་ལུག་རང་བཞིན་དང་བསམ་ཕྱོགས་མཁྲེགས་བཟུང་ཞིག་རེད། ས་གནས་ལ་ལས“སྲིད་ཇུས་དང་རྣམ་གྲངས་རག་ཐབས་ཁོ་ན་བྱེད་པ”ལས་ས་གནས་དེ་གའི་ཐོན་ཁུངས་མཐོང་ཡང་མ་མཐོང་ཁུལ་བྱེད་ཀྱི་ཡོད། ལས་གཏོད་མཁན་ལ་ལས“མ་དངུལ་འབོར་ཆེན་དང་རྣམ་གྲངས་ཆེ་གྲས་རག་ཐབས”བྱེད་པ་ལས། ཆུང་ཙག་ནས་སྒྲུབ་མི་འདོད་པས་མཐར་འཕེལ་མེད་རང་སོར་གནས་ཀྱི་ཡོད། ས་གནས་ལ་ལས་སྒུག་རྟེན་མི་བྱེད་པར་བསམ་ཕྱོགས་གསར་གཏོད་དང་། བྱེད་ཕོད་པ་དང་སྒྲུབ་ཕོད་པར་བྱས་ནས་གནམ་ས་གསར་པ་བཏོད་ཡོད། དཔེར་ན། མཚོ་སྣ་གྲོང་ཁྱེར་ཆུ་དྲོ་མོ་ཤང་གིས་ས་བརྐོ་རྡོ་སློག་མི་བྱེད་པར་གདོད་མའི་སྐྱེ་ཁམས་ཀྱི་ལོ་ངོ་སྟོང་གི་གནའ་བོའི་གླ་ཚེར་གྱི་ནགས་ཚལ་སོར་འཇོག་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ནགས་སྲུང་བ་དང་ལྟ་སྲུང་བར་གདན་དྲངས་ནས་གནའ་བོའི་ནགས་ཚལ་དེ་ཉིད་ཡུལ་སྐོར་བྱ་ཡུལ་དུ་འགྱུར་བར་བྱས་པས་སྐྱེ་ཁམས་བདག་སྐྱོང་དང་འབབ་འཕར་གཉིས་ཁེ་བྱུང་ཡོད།

“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་བར་ཕུང་གསོག་ཐེབས་པའི་ཐོན་ཁུངས་གང་ལེགས་སྤྱོད་དགོས། འཕེལ་རྒྱས་ཀྱི་ལྟེ་བ་ནི་ཐོན་ཁུངས་བཀོད་སྒྲིག་ནུས་ལྡན་བྱེད་པ་ལས་མ་དངུལ་ཕུང་གསོག་ཐེབས་པ་བྱེད་རྒྱུ་དེ་མིན། མལ་གྲོ་གུང་དཀར་རྫོང་སྤང་མདའ་གྲོང་ཚོར་རྨོ་ཞིང་བེད་མེད་དུ་ལུས་པ་དང་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་དཀའ་གནད་འཕྲད་མྱོང་ཡོད། མཉམ་ལས་ཁང་བཙུགས་པ་བརྒྱུད། ཡུལ་མི་ཚོས་ས་ཞིང་གཉེར་སྐྱོང་བྱེད་དབང་མ་རྐང་དུ་བཞག་པ་དང་རང་འགུལ་ངང་ངལ་རྩོལ་ལ་ཞུགས་པ་དང་ངལ་ནུས་བཏོན་ནས་འཁོར་སྐྱོད་མ་དངུལ་ཕྲན་བུ་བཏང་སྟེ་ཞིང་འཕྲུལ་ཉོས་པས། མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་78ལྷག་ཙམ་ནས་སྒོར་ཁྲི་123བར་འཕར་བ་དང་། མ་རྐང་འཇོག་མཁན་ཡུལ་མི་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད། ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲའོ་གྲོང་ཚོའི་ཡུལ་མིས་མ་དངུལ་བསྡུ་རུབ་བྱས་ཏེ་རླངས་འཁོར་བོགས་གཏོང་ཀུང་སི་བཙུགས་པ་དང་ཆབས་ཅིག བོད་ཟས་ཟ་ཁང་གསར་དུ་བཙུགས་པ་དང་། སྣམ་བུ་ལས་སྣོན་འཕེལ་རྒྱས་བཏང་བས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་130ལྷག་ཙམ་ཟིན་ནས་མང་ཚོགས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.4ལྷག་ཙམ་བྱུང་ཡོད།

“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་བར་དངོས་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། སྲིད་ཇུས་བརྩོན་ལེན་ཐུབ་པ་དང་མ་དངུལ་ནང་འདྲེན་ཐུབ་རུང་། ལས་སྒྲུབ་ཀྱི་འཇོན་ཐང་རང་ངོས་ལ་བརྟེན་ནས་ཞུན་བརྡར་བྱེད་དགོས། སྤོས་ཐོན་ཡུལ་ཡིན་པའི་སྙེ་མོ་རྫོང་ཐོན་མདའ་གྲོང་ཚོར་ཚོང་སྒྱུར་མ་དངུལ་དཀོན་པས་མངོན་མིན་རིག་གནས་ཤུལ་བཞག་བེད་སྤྱོད་ཡག་པོ་ཐུབ་མེད། ས་གནས་དེ་གའི་རྒྱུན་འཛིན་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཐད་གཏོང་དང་དྲ་ཐོག་ཚོང་དོན་བྱེད་སྟངས་སྦྱངས་ནས། རིག་གནས་ཡུལ་སྐོར་གྱི་ཕོ་ཉ་ཟོག་ཚོང་བྱེད་པར་གདན་དྲངས་པས་ཐད་གཏོང་བྱེད་ཐེངས་གཅིག་ལ་བྲིན་ཚོང་ཡོང་འབབ་སྒོར་ཁྲི་7ཟིན་ཡོད། སྨར་ཁམས་རྫོང་གི་ཡུལ་མིས་མ་དངུལ་བསྡུ་རུབ་ཀྱིས་སྐྱེལ་འདྲེན་མཉམ་ལས་ཁང་བཙུགས་ཏེ་རྒྱལ་ལམ་318ཀྱི་ལེགས་ཆར་བརྟེན་ནས་ཟོག་འགྲུལ་ལས་སྒོའི་འགན་ཁུར་བས་ཡོང་འབབ་བརྟན་པོ་བྱུང་བ་ལས་དངོས་སྒྲུབ་ཀྱི་གལ་ཆེའི་རང་བཞིན་མངོན་ཡོད།

“སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་བར“དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གཏོད་པ་དང་གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་གཏོད་པའི”འདུ་ཤེས་འཛུགས་དགོས། ས་ཆ་གང་ལེགས་སྤྱོད་མཁན་སྤང་མདའ་གྲོང་ཚོ་དང་སྐྱེ་ཁམས་ཡག་པོ་སྤྱོད་མཁན་ཆུ་དྲོ་མོ་ཤང་ཡིན་ནའང་འདྲ། ཡང་ན་དྲ་ཐོག་ཚོང་དོན་ཡག་པོ་གཉེར་མཁན་གྱི་ཐོན་མདའ་གྲོང་ཚོ་གང་ཞིག་ཡིན་རུང་ཚང་མས་སྒུག་རྟེན་མ་བྱས་པར་ཐོན་ཁུངས་གང་ལེགས་སྤྱད་པ་དང་དངོས་སྒྲུབ་ལས་དར་བྱས་ནས་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ཁྱད་ལྡན་ཐོན་ཁུངས་རྒྱུན་མཐུད་ཡག་པོ་སྤྱོད་པ་དང་། ནང་སྐྱེས་སྒུལ་ཤུགས་འཕེལ་བ། དཀའ་གནད་སེལ་མཁས་པ། དངོས་སྒྲུབ་ལ་བརྟེན་ནས་རིན་ཐང་གཏོད་པ་བཅས་བྱས་ཚེ། གཞི་ནས་རང་ལྗོངས་ཀྱི་འཕེལ་རྒྱས་ལ་དེ་བས་གསོན་ཤུགས་ལྡན་པ་དང་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་རེ་བས་ཁེངས་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད།

པ་ཚེས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博