http://zw.xzqnb.cn/Content/weixinlogo.png
ཟླ་3ཚེས་31ཉིན། ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན
http://zw.xzqnb.cn/m/content/2026-04/10/001716.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་པ།

དམངས་ཀྱི་བདེ་ཐང་བསྲུངས། ཏང་གི་གསུང་སྒྲ་བསྒྲགས།

等待处理…

བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་པ།

2026年04月10日

ཟླ་3ཚེས་31ཉིན། ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་པ་རེད། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚོགས་འདུ་ཐེངས་དགུ་པའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་ལས་དོན་སྐུལ་འདེད་གཏོང་ཚུལ་ལ་ཕྱོགས་སྡོམ་བྱེད་པ་དང་། 2026ལོའི་གཙོ་བོའི་ལས་དོན་ཁག་བཀོད་སྒྲིག་བྱེད་རྒྱུ་བཅས་ཡིན། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རང་སྐྱོང་ལྗོངས་གཞོན་ནུ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲོའུ་དབྱི་ཧྥུང་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའུ་ཁོངས་མི་ཐིང་ཀྲང་གཞོན་པ། རང་སྐྱོང་ལྗོངས་གཞོན་ནུ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟླ་བ་སྒྲོལ་མ་བཅས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་སློབ་གསོའི་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ལོ་ཆུང་བྱིས་པའི་ཆབ་སྲིད་ཀྱི་གོ་རྟོགས་སད་རྒྱུ་དང་རིན་ཐང་ལྟ་བ་བསྐྲུན་རྒྱུའི་གཙོ་བོའི་འགན་འཁྲིར་དམིགས་ཏེ།“སོན་འདེབས་དང་། ལྗང་བུ་སྟོབས་རྒྱས། མཚོ་འགྲུལ་སྲུང་སྐྱེལ། དགེ་རྒན་སྟོབས་ཆེན། རྨང་གཞི་འཛུགས་པ། སྟོབས་ཤུགས་གཅིག་སྡུད་”བཅས་ཀྱི་ལས་གྲྭ་ཆེན་པོ་དྲུག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལག་ལེན་ངོ་མའི་ཐོག་ནས་མི་སྣ་གསོ་སྐྱོང་བྱེད་པ་མངོན་གསལ་དོད་པོ། གསར་གཏོད་དང་བསྒྱུར་བཅོས་གཏིང་ཟབ་གཏོང་བ། སྡེ་ཚོགས་ཡོངས་ཀྱིས་རུ་ཁག་སྣེ་ཁྲིད་བྱེད་པའི་འགན་འཁྲི་སྲ་བརྟན་དུ་གཏོང་བ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་དང་བྱ་གཞག་ཁག་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་ཡོད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི ”འཆར་འགོད་འགོ་ཚུགས་པའི་ལོ་ཡང་ཡིན་ལ། རྒྱལ་ཡོངས་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཡང་ཡིན་པས། ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་སྒྲིག་འཛུགས་ཀྱིས་ཆབ་སྲིད་ལང་ཕྱོགས་མཐོར་འདེགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཚོགས་ཡོངས་ཀྱིས་སྣེ་ཁྲིད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་རྟོགས་ཞིབ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ཁ་ཕྱོགས་ཁ་གསལ་བ། དུས་རྒྱུན་དུ་ནས་“དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པའི་”ཆབ་སྲིད་ཀྱི་རང་རྟོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། གཙོ་གནད་ལས་འགན་དང་“ ལས་གྲྭ་ཆེན་པོ་དྲུག ”དམ་འཛིན་ཏན་ཏིག་བྱས་ཏེ་སྡེ་ཚོགས་ཡོངས་ཀྱིས་ཆབ་སྲིད་སྣེ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་དོན་འཁྱོལ་ཞིབ་ཕྲ་བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་དཀའ་སེལ་བྱེད་པ་དང་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་དང་སྡེ་ཚོགས་གདོང་ལེན་རུ་ཁག་བར་གྱི་འབྲེལ་བ་བྱང་ཆུབ་པའི་ངང་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ལམ་སྲོལ་ནུས་པར་སྟངས་འཛིན་གཏིང་ཟབ་བྱེད་པ། དར་ཆ་མངོན་གསལ་དོད་པོས་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ། ཏང་དང་སྡེ་ཚོགས་གདོང་ལེན་རུ་ཁག་བཅས་ཀྱི་མི་སྣ་གསོ་སྐྱོང་བྱེད་པའི་འབྲེལ་ཐག་ཕན་ཚུན་སྦྲེལ་མཐུད་དང་བྱང་ཆུབ་པར་སྐུལ་འདེད་བཏང་ནས། རྒྱུན་མཐུད་ཀྱིས་ལོ་ཆུང་གདོང་ལེན་རུ་མའི་གཟི་བརྗིད་ཀྱི་ཚོར་སེམས་དང་རྩ་འཛུགས་ཀྱི་གཏོགས་སེམས་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཁག་གིས་སྔར་བས་དོ་གནད་ཀྱི་ཆབ་སྲིད་ཀྱི་གཙོ་འགན་གཙོ་ལས་ལ་སྣེ་ཁྲིད་བྱེད་པ་དང་། རང་འགུལ་ངང་ཏང་གིས་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་ནང་ཞུགས་ཐུབ་པ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློས་བློ་སྒྲིལ་སེམས་སྐྱེད་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པར་སྣེ་ཁྲིད་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས། ལག་ལེན་ཐོག་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་དང་རྩ་འཛུགས་མ་ལག་དང་ལག་ལེན་གྱི་གཡུལ་ས། བྱེད་སྒོའི་རྣམ་གྲངས་བཅས་རྒྱ་ཆེ་རུ་གཏོང་བ། ལོ་ཆུང་གདོང་ལེན་རུ་ཁག་གི་ལག་ལེན་སློབ་གསོའི་གོ་དོན་གཏིང་ཟབ་ཏུ་གཏོང་བ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རུ་མི་རྣམས་ལག་ལེན་ཉམས་ལེན་བྱེད་པའི་ཁྲོད་འཚར་ལོངས་ཡོང་བར་གྲུབ་འབྲས་ཐོབ་ཐུབ་པ་བྱེད་དགོས། 《དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང《དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྱི་ལག་བསྟར་བསམ་འཆར》དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱུན་མཐུད་ངང་སྒྱུར་བཅོས་དང་གསར་གཏོད་ཀྱིས་ན་ཆུང་བྱིས་པ་འཚར་ལོངས་ཡོང་བར་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་ནས་ཧུར་བརྩོན་ཆེན་པོས་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཤིག་འཛུགས་པ། རིམ་པ་ཁག་གི་སྡེ་ཚོགས་ཨུ་ལྷན་གྱིས་སྡེ་ཚོགས་ཡོངས་སྣེ་ཁྲིད་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས་པ། སློབ་གསོའི་སྡེ་ཁག་གིས་སྡེ་ཚོགས་སློབ་གསོའི་རོགས་རམ་ལམ་སྲོལ་བྱ་ཐབས་འཐུས་ཚང་དུ་བཏང་ནས་ལས་ཀའི་སྟོབས་ཤུགས་དང་ཐོན་ཁུངས་བགོ་བཤའ་སོགས་ཀྱི་ཐད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་ཐོག་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་ཀར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་ནས་ན་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་དགོས།

ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པ་བརྒྱུད་ལྗོངས་ན་ཆུང་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ལས་གནས་ནས་ཕྱིར་འཐེན་དང་ཚབ་བྱེད་ཀྱི་འབྲེལ་ཡོད་གཏན་འབེབས་དང་དེ་བཞིན《བོད་རང་སྐྱོང་ལྗོངས་ན་ཆུང་ལས་དོན་ཨུ་ལྷན་གྱི་2026ལོའི་ལས་ཀའི་གཙོ་གནད་》གཏན་འཁེལ་བྱས་པ། ལྷ་ས་གྲོང་ཁྱེར་ན་ཆུང་ལས་དོན་ཨུ་ལྷན་དང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ན་ཆུང་ལས་དོན་ཨུ་ལྷན་དང་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སློབ་ཆུང་དང་པོའི་ན་ཆུང་ལས་དོན་ཨུ་ལྷན་གྱི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་རེས་གནང་བ་རེད།

སྐབས་བདུན་པའི་ལྗོངས་ལོ་ཆུང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ས་གནས(གྲོང་ཁྱེར་)ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་པུའུ་ཀྲང་། སྤྱི་ཁྱབ་ཟུར་ཁྲིད་པ་བཅས་ཁྱོན་བསྡོམས་མི་80ལྷག་ཙམ་ཚོགས་འདུར་བཞུགས་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博