http://zw.xzqnb.cn/Content/weixinlogo.png
གཉེན་སྒྲིག་མཛད་སྒོར་བོད་རིགས་དང་། རྒྱ་རིགས། དབྱིས་རིགས། སོག་རི
http://zw.xzqnb.cn/m/content/2026-04/03/001707.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བུད་མེད་སྟོབས་ཤུགས་གཅིག་ཏུ་སྒྲིལ། མཛངས་མའི་ཡོན་ཏན་མེ་ཏོག་བཞད།

“དགེ་སློབ་ཆིག་སྟོང་མཐའ་མཚམས་སུ་སྐྱོད་པའི”སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

ལྷོ་ཁའི་ནགས་གསེབ་ཏུ་ཤྭ་བ་མཆུ་དཀར་ཅི་དགར་རོལ་བ།

等待处理…

བུད་མེད་སྟོབས་ཤུགས་གཅིག་ཏུ་སྒྲིལ། མཛངས་མའི་ཡོན་ཏན་མེ་ཏོག་བཞད།

སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2026年04月03日

གཉེན་སྒྲིག་མཛད་སྒོར་བོད་རིགས་དང་། རྒྱ་རིགས། དབྱིས་རིགས། སོག་རིགས་སོགས་མི་རིགས་མི་འདྲ་བའི་བཟའ་འཚོ་གསར་པ་མཉམ་དུ་གཉེན་སྒྲིག་བྱེད་སྒོར་ཞུགས་པ་དང་། ཞིང་ཞོར་ཁྲོམ་རའི་ས་གནས་ས་ཐོག་གི་སྒྲོག་འགྲེལ་ནང་ཕྱོགས་མི་མཉམ་དུ་འཛོམས་ནས་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་ཉན་པ། དབྱར་ཁའི་གུང་གསེང་གི་བཅོལ་གསོའི་འཛིན་གྲྭར་ལོ་ཆུང་བྱིས་པའི་དགོད་སྒྲ་ལྷང་ལྷང་དུ་གྲགས་པ་བཅས། 2025ལོར་དྲོ་སྐྱིད་ཀྱིས་འཕྱུགས་པའི་དམངས་འཚོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་སྤེལ་ཡོད་ལ། དེ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསོན་ཉམས་ལྡན་པའི་འགན་བསྒྲུབས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད།

ལོ་གཅིག་རིང་། ཆུས་ཨུད་དང་ཆུས་སྲིད་གཞུང་གི་འགོ་ཁྲིད་དང་གོང་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་འོག་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་འཛུགས་སྐྱོང་གིས་བུད་མེད་འཛུགས་སྐྱོང་ལ་སྣེ་ཁྲིད་དང་། བུད་མེད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། “ཏང་སྲིད་ཀྱི་དགོས་མཁོ་དང་། བུད་མེད་ཀྱི་འཕྲལ་མཁོ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་པ”བཅས་ཀྱི་ངེས་གནས་ལ་དམིགས་ནས་འཇོན་ཐང་ཅན་གཅིག་སྡུད་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་སྣེ་ཁྲིད་དུ་བྱེད་པ། བུད་མེད་འཇོན་ཐང་ཅན་གྱི་ཞབས་ཞུའི་སྤུས་རྟགས་རབ་དང་རིམ་པ་སྐྱེད་སྲིང་། ཁྱབ་ཁོངས་ཆེན་པོ་དྲུག་ལ་གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

བསམ་བློར་སྣེ་ཁྲིད་བྱེད་པ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་འཐབ་ས་མང་ཚོགས་ཁྲོད་སྣུར་སྲིང་བྱས་ཡོད། “གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་ཀྲི་པུའི་གཅིག་སྡུད་སློབ་སྦྱོང་ཐེངས་19དང་། ཏང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་ཐེངས་12 ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པའི་བྱེད་སྒོ་ཐེངས་4བཅས་སྒྲིག་འཛུགས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་ལ་འཇགས་པར་སྐུལ་འདེད་བཏང་ཡོད།

བྱེད་ཐབས་གསར་གཏོད་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་། “འབྲུག་ཆུང་མེ་ཏོག”ཁྱུག་དབྱིངས་ཐད་གཏོང་གི་ས་གནས་དེ་གའི་གཙོ་སྐྱོང་པས་སྲིད་ཇུས་དྲིལ་བསྒྲགས་པ་དང་ཞིང་ཟོག་ཚོང་མཁན་བྱས་པ་མ་ཟད། ལས་སྟེགས་བརྒྱུད་ཡུལ་དེ་གའི་གཙོ་སྐྱོང་པ་15གསོ་སྐྱོང་བྱས་པ་དང་ཧྥན་སི་5487ཟིན་ཏེ་ཐད་གཏོང་ཐེངས་113བྱས་ཡོད། “དཔའ་མོའི་སྟོད་ལུང”སྤྱི་རྟགས་ཀྱིས་ལོ་ཧྲིལ་པོར་ཆ་འཕྲིན་330ལྷག་ཙམ་ཁྱབ་བསྒྲགས་བྱས་ཡོད། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་དང་དཔྱིད་ཀྱི་ཐིའུ་སྲུང་སྐྱོང་བྱ་སྤྱོད་སོགས་བརྗོད་དོན་གཙོ་བོར་དམིགས་ནས་དྲ་ཕྱིའི་སྒྲོག་འགྲེལ་ཐེངས་30ལྷག་ཙམ་བྱས་ཏེ་མང་ཚོགས་མི་ཐེངས་3600ལ་ཕན་པ་ཐོབ་ཡོད།

གཞི་རིམ་བཅོས་སྐྱོང་བྱ་རྒྱུ་ནི་ཞི་མཐུན་སྤྱི་ཚོགས་བསྐྲུན་པའི་རྨང་རྡོ་ཡིན། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་དང“12338”ཐད་སྦྲེལ་ཁ་པར་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཙུགས་ནས་གཅིག་འཐུས་རྣམ་པའི་ཞབས་ཞུའི་མ་ལག་ལ་བརྟེན་ནས་གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་བ་དང་རྩོད་གཞི་2023ལོའི་68ནས་2025ལོའི་13བར་ཉུང་དུ་ཕྱིན་ཡོད།

ཆེད་ལས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱས་པ། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ཧྲིལ་པོར་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞིར་འདྲི་རོགས་ཐེངས་16ནང་ཞུགས་ནས་མི་ཐེངས་20ལ་སེམས་ཁམས་སློབ་གསོ་བརྒྱབ་པ་དང་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་མཁན་ལ་ངོ་སྤྲོད་ཡི་གེ་ཐེངས་10བྲིས་ཡོད། གཞི་རིམ་བུད་མེད་ཀྱི་གྲོས་ཚོགས་ཐེངས་34འཚོགས་ནས་དམངས་འཚོའི་དཀའ་གནད་230བསལ་བ་དང་། “ཨ་ཅག་མེ་ཏོག”གྲོས་ཚོགས་ཀྱི་ཉམས་མྱོང་རྫོང(ས་ཁུལ་དང་གྲོང་ཁྱེར)74ལ་ཁྱབ་གདལ་བཏང་ཡོད།

ལས་གཏོད་འབབ་འཕར་ཐད་བུད་མེད་ཀྱི་ནུས་པ་བཏོན་པ། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་བུད་མེད་རྩ་འཛུགས་གཉིས་བཙུགས་ནས“དྲ་ཐོག་བུད་མེད་ལས་དོན་པའི”པར་རིས་ཚོང་རྟགས་ལ་བདག་སྤྲོད་བྱས་པ་དང་། གདོང་དཀར་སྲང་ལམ་གྱི“ཕྲན་ཚེགས་ཁེ་ལས་ཁེར་རྐྱང་ཚོང་དུད”བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་ས་ཚིགས་ཀྱི་གདེང་འཇོག་ཐོབ་ཡོད། “དྲ་ཐོག་བུད་མེད་ལས་དོན་པའི་གསོ་སྦྱོང་རྟེན་གཞིས”མི་ཐེངས་70ལྷག་ཙམ་གསོ་སྦྱོང་བྱས་པ་དང་བུད་མེད་20ལ་སྨྱན་སྦྱོར་གསར་པའི་རྩལ་ནུས་ལག་ཁྱེར་རག་ཡོད། བུད་མེད་ཀྱི་ཐོན་རྫས་དྲ་ཐོག་ནས་བཙོངས་པ་དང་། རིག་གནས་བསམ་བཀོད་ཐོན་རྫས་བཙོངས་པའི་ཡོང་འབབ་སྒོར་ཁྲི་10ཟིན་ནས“བུད་མེད་རྟགས་ཅན”གྱི་བྱེད་པོའི་ཡོང་འབབ་སྒོར་ཁྲི་30འཕར་བར་རམ་འདེགས་ཐུབ་ཡོད། དིང་རིར་ས་ཡོམ་བརྒྱབ་རྗེས་སྒོར་ཁྲི་18.7གྲབས་གསོག་བྱས་ནས་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱས་པ་དང་། “སྐལ་བཟང་མེ་ཏོག”གི་རོགས་སྐྱོབ་མ་དངུལ་ནས་སྒོར་ཁྲི་23བཏང་སྟེ་བུད་མེད་ནད་པ་དང་བྱིས་པ་སོགས་ཚོགས་སྤྱིར་རོགས་རམ་བྱས་ཡོད།

དམངས་འཚོ་འགན་སྲུང་བདེ་རྩ་དང་འབྲེལ་བ་ཡོད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་དོན་དངོས་བསྒྲུབས་ནས་དབྱར་ཁའི་གུང་གསེང་གི་བཅོལ་གསོའི་འཛིན་གྲྭ་དང་ཚབ་གཉེར་སྒར་ས་བཙུགས་ཏེ་བྱིས་པ་70ལ་ཕན་པ་ཐོབ་པ་དང་། དུས་ཐེངས་གསུམ་པའི“ཕྲུ་གུའི་གཟའ་མཇུག་སློབ་ཚན”གྱིས་མི་ཐེངས་90ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། “དྲ་ཐོག་བུད་མེད་ལས་དོན་པའི”འགྲིམ་འགྲུལ་ཁ་ཏ་སློབ་སྟོན་རུ་ཁག་གིས་ཞབས་འདེགས་ཐེངས་150ལྷག་ཙམ་ཞུས་པ་དང་དང་བླངས་པ་900ལྷག་ཙམ་ཞུགས་ཡོད། མི་500ལྷག་ཙམ་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་པ་དང་། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་ལྷ་ས་གྲོང་ཁྱེར་གྱི“གཙང་སྦྲ་ལེགས་པའི”གཟི་བརྗིད་མཚན་སྙན་ཐོབ་ཡོད།

སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་བསམ་བློའི་ཁྲིད་སྟོན་ལས་དོན་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། “བུད་མེད་རྟགས་ཅན”གྱི་འགྲེམས་ཚོང་ལས་སྟེགས་དང་སྐྱོང་གསོའི་རྟེན་གཞི་བསྐྲུན་པ། བུད་མེད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བུད་མེད་ཀྱི་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

པ་སངས་དང་ཚེ་ལྷས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博