http://zw.xzqnb.cn/Content/weixinlogo.png
བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཏང་ཙུའི་ཁོངས་མ
http://zw.xzqnb.cn/m/content/2026-02/27/001651.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་དུ་དགུན་དུས་ཀྱི“ཤ་ཚལ་སྒོང་གསུམ”དང“ཤིང་འབྲས”མཁོ་སྤྲོད་འདང་ངེས་ཡོད་པ།

2025ལོར་བོད་ཀྱི་ཁྲོམ་ར་ལྟ་འདོམས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་སྒྱུར་བཅོས་དང་ཁྲོམ་རའི་སྒུལ་ནུས་ཆེན་པོ་གཉིས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

等待处理…

ཤིང་འབྲས་སྔོ་ཚལ་གྲབས་གསོག་མང་བ། ཟོག་གོང་བརྟན་པ། ཐོན་ཚོང་འབྲེལ་མཐུད་ལེགས་པ།

བོད་དུ་དགུན་དུས་ཀྱི“ཤ་ཚལ་སྒོང་གསུམ”དང“ཤིང་འབྲས”མཁོ་སྤྲོད་འདང་ངེས་ཡོད་པ།

2026年02月27日

བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་དུ་དགུན་དུས་ཀྱི་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་འགན་ལེན་ཐུབ་པ་དང་། ཁྲོམ་རར་དངོས་ཟོག་དབོར་འདྲེན་ཐབས་ལམ་ཤར་གཏོང་ཡིན་པ། ལྗོངས་ཕྱི་ནས་དབོར་བའམ་རང་ཡུལ་དུ་བཏབ་པའི་ཤིང་འབྲས་དང་སྔོ་ཚལ་གྱི་རིགས་ཕུན་སུམ་ཚོགས་ལ་མཁོ་སྤྲོད་འདང་ངེས་ཡོད་པ་བཅས་ལས། ས་མཐོའི་མང་ཚོགས་ལ“ཤ་ཚལ་སྒོང་གསུམ”དང“ཤིང་འབྲས”འདང་ངེས་དང་། རིན་གོང་བརྟན་པ། སྤུས་ཚད་ལེགས་པ་བཅས་ཡོང་བར་འགན་ལེན་ཏན་ཏིག་ཐུབ་ཡོད།

སྣ་ཁ་འཛོམས་ལ་མཁོ་སྤྲོད་འདང་ངེས་ཡོད་པ།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར། ཤིང་འབྲས་ཚོང་མཁན་སུན་པིང་ཧྭ་ཡིས་ཁྲོམ་བཀྱག་ཐོག་ཤིང་འབྲས་སྒྲིག་བཞིན་དུ་གསར་འགོད་པར“ད་ཆ་ཚོང་ཁང་ནང་ཤིང་འབྲས་སྣ་ཁ་60ནས་80བར་རྒྱུན་གཏན་ནས་གྲབས་གསོག་བྱེད་ཀྱི་ཡོད་པས། སྣ་ཁ་ཕུན་སུམ་ཚོགས་པོས་འཛད་སྤྱོད་པའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

ཤིང་ཏོག་སོས་པ་ཡོང་ཆེད། སུན་པིང་ཧྭ་ཡིས་ཉིན་ལྟར་ཚོང་ཟོག་ཐེངས་གཉིས་འཐེན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉིན་རེའི་ཆ་སྙོམས་བྲིན་ཚད་རྒྱ་མ་1000ཙམ་ཟིན་གྱི་ཡོད། “དབྱར་ཁར་དྲོད་སྙོམས་རླངས་འཁོར་གྱིས་ཤིང་འབྲས་སོས་པ་སྐྱེལ་འདྲེན་བྱེད་ཀྱི་ཡོད། དགུན་ཁ་ཕོ་ཁེབས་དང་འགྱིག་སོབ་སྒམ་གྱིས་དྲོད་སྲུང་བྱས་ཏེ་ས་མཐོའི་མང་ཚོགས་ཀྱིས་དུས་ཚིགས་བཞི་ཀར་ཤིང་འབྲས་སོས་པ་བཟའ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད” ཟོག་ཁུངས་འདེམས་པའི་ཐད་སུན་པིང་ཧྭ་ལ་རང་ཉིད་ཀྱི་ལྟ་སྟངས་ཡོད་པ་སྟེ། “ཚ་ལུ་མའི་རིགས་ཀྱི་ཤིང་འབྲས་གཙོ་བོ་སི་ཁྲོན་གྱི་ཟོག་ཁུངས་འདེམས་པ་དང་། ཀུ་ཤུའི་རིགས་སྔོན་ལ་ཀན་སུའུ་ཡི་ཟོག་ཁུངས་འདེམས་ཀྱི་ཡོད། ཐོན་ཡུལ་དེ་དག་གི་ཤིང་འབྲས་ཀྱི་སྤུས་ཚད་བརྟན་པོ་ཡོད་པ་མ་ཟད། འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད” མིག་སྔར་ཁོང་གི་མཛོད་ཁང་ནང་རྒྱུན་དུ་ཤིང་འབྲས་མཛོད་ཉར་བྱེད་ཚད་རྒྱ་མ་2000ཙམ་ཟིན་ནས་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་ལ་དུས་ཆེན་སྐབས་ཀྱི་འཛད་སྤྱོད་མང་ཤོས་ཀྱི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་ཡོད།

སྤྱི་འདོམས་འགན་ལེན་དང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།

ཚོང་དུད་ལ་ཚོང་བརྟན་པོ་བྱུང་བ་དེ་ཁྲོམ་རའི་འདེགས་སྐྱོར་བརྟན་པོ་དང་ཁ་འབྲལ་ཐབས་མེད། བོད་ལྗོངས་ལིང་ཧྥུང་ཞིང་ཞོར་ཐོན་ཟོག་ཚོང་གཉེར་དོ་དམ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཞའོ་ལིང་གིས། དགུན་དུས་རིང་གི་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ཁྲོམ་རས་ཟོག་ཁུངས་སྒྲིག་འཛུགས་དང་། སོས་པ་སྐྱེལ་འདྲེན། ཐོན་ཚོང་འབྲེལ་མཐུད་སོགས་ཕྱོགས་མང་པོའི་ཐད་ནས་ཇུས་བསྟར་གནད་སྨིན་བྱས་ཏེ་བརྟན་ལ་ནུས་ཆེའི་མཁོ་སྤྲོད་འགན་ལེན་མ་ལག་བཙུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

མིག་སྔར། དགུན་དུས་ཀྱི་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོད་པ་དང་། ཉིན་རེར་དངོས་ཟོག་ཏུན་400ནས་450བར་འཐེན་པ་དང་། ཕྱིར་ཚོང་བྱེད་ཚད་ཏུན་350ནས་380བར་ཟིན་པ། ད་ཡོད་སྔོ་ཚལ་མཛོད་ཉར་བྱེད་ཚད་ཏུན་1050ཙམ་དང་ཤིང་འབྲས་མཛོད་ཉར་བྱེད་ཚད་ཏུན་510ཙམ་ཟིན་ནས་རྒྱུན་གཏན་དང་དུས་ཆེན་གྱི་གསོག་འཇོག་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།

ཤིང་འབྲས་དང་སྔོ་ཚལ་7%ནས་23%བར་གྱི་སྐྱེལ་འདྲེན་སྡེབ་ཚོང་གི་ཟད་གྲོན་ལ་དམིགས་ནས། ཁྲོམ་ར་དང་ཚོང་པས་གསོག་འཇོག་བྱ་ཡུལ་ལེགས་སུ་གཏོང་བ་དང་། ཐུམ་སྒྲིལ་ལེགས་བཅོས་བྱེད་པ། འདོན་འཇུག་ཚད་ལྡན་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་གྱོང་གུན་ཆུང་དུ་བཏང་བ་རེད། རིན་གོང་འཕར་ཆག་གི་མདུན་དུ་ཁྲོམ་རར་བབ་བསྟུན་གྱི་ཁ་གཏད་གཅོག་པའི་ལམ་སྲོལ་བཟོས་ནས་ས་གནས་དེ་གར་སྔོ་ཚལ་ཐོན་ཉུང་དུ་ཕྱིན་པའི་དབང་གིས་སྣ་ཁ་ཁ་ཤས་ཀྱི་རིན་གོང་འཕར་སྐབས། ཚོང་ཁང་ལ་ཟོག་ཁུངས་རྒྱ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། ཁྲོམ་རའི་རིན་གོང་འཕར་ཚད་ཡོངས་བསྒྲགས་བྱས་པའི་རིན་གོང་གི་20%ལས་མི་བརྒལ་བའི་ཚོད་འཛིན་ནན་པོར་སྐུལ་ལྕག་བྱས་པ་དང་། རིན་གོང་ཆག་པའི་སྐབས་སུ་ཚོང་པས་ཚོང་ཟོག་འཐེན་ཉུང་དུ་གཏོང་བ་མ་ཟད། རིན་གོང་ཆག་པའི་སྣ་ཁར་རྟགས་བརྒྱབ་ནས་འཛད་སྤྱོད་པའི་ཡིད་དབང་བཀུག་ཐོག་ཚོང་པའི་གྱོང་གུན་ཆུང་དུ་གཏོང་བར་ཁྲིད་སྟོན་བྱས་པ་རེད།

བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་དགུན་དུས་དང་དཔྱིད་གསར་དུས་ཆེན་རིང་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས《2025ལོའི་སྔོ་ཚལ་ཐོན་སྐྱེད་ལས་དོན་ཏན་ཏིག་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ལོ་འཁོར་གྱི་སྔོ་ཚལ་ཐོན་སྐྱེད་ཀྱི་དོན་དག་ཁག་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་ས་མཐོའི་མང་ཚོགས་ལ“ཤ་ཚལ་སྒོང”གསུམ་མཁོ་སྤྲོད་བརྟན་པོ་ཐུབ་པར་བྱས་པ་རེད།

མིག་སྔར། རིམ་རྩིས་བརྒྱབ་ན། བོད་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་46ཟིན་པའི་ནང་འདབ་ལོའི་རིགས་ཀྱི་སྔོ་ཚལ་དང་པད་ཚལ་རིགས་སོགས་རིགས་ཆེན་པོ་བཅུ་དང་སྣ་ཁ་35ཚུད་ཡོད་པ་རེད།

མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博