http://zw.xzqnb.cn/Content/weixinlogo.png
འདི་ནི་ཡུལ་སྨད་ཤང་ཡིན་པ།བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལ
http://zw.xzqnb.cn/m/content/2026-02/27/001647.html
《汉文版》 《藏文版》

第01版:གལ་ཆེའི་གསར་འགྱུར།

ལས་བཟོ་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏང་དང་བློ་སེམས་གཅིག་མཐུན་དང་མཉམ་དུ་འབད་འཐབ་བྱེད་དགོས།

2025ལོར་བོད་ཀྱི་ཁྲོམ་ར་ལྟ་འདོམས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

ཡུལ་སྨད་ཀྱི་རྣམ་པ་གསར་པ།

等待处理…

ཡུལ་སྨད་ཀྱི་རྣམ་པ་གསར་པ།

2026年02月27日

འདི་ནི་ཡུལ་སྨད་ཤང་ཡིན་པ།

བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཤིང་། མཐོ་གྲང་གཡང་གཟར་ཆེ་བའི་རང་བྱུང་ཁོར་ཡུག་གིས་རྐྱེན་པས་དུས་ཡུན་རིང་པོ་ཞིག་ནང་དེ་གར་གཞིས་ཆགས་མཁན་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གསུམ་ལས་མེད། སྐབས་ཤིག་རིང་མི་རྣམས་ཀྱིསམི་གསུམ་ཤངཞེས་ཀྱང་འབོད་ཀྱི་ཡོད། ད་ཆ། སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཁྱིམ་ཚང་ཚང་མར་གློག་ཁྲིད་པས། ཡུལ་སྨད་ཤང་དུ་གངས་ཆེན་པོ་བབས་སྐབས་རི་ལམ་འགག་པ་དང་གློག་སྤྱོད་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། 2025ལོར་ཤང་དེས་ཡུལ་སྐོར་བ་མི་ཐེངས་ཁྲི་1.2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་སྒོར་ཁྲི་28.42ལྷག་ཙམ་ཟིན་ཡོད་པ་རེད།

ད་ཆའི་ཡུལ་སྨད་དུ། ཡུལ་མིའི་སྡོད་ཁང་གྲལ་སྟར་འགྲིག་པོས་བརྒྱབ་ཡོད་པ་དང་། ཆུ་འགྲོ་དང་འཕྲིན་གཏོང་སོགས་ལྷན་སྦྱར་སྒྲིག་བཀོད་གང་དགོས་ཚང་མ་འཛོམས་པ་མ་ཟད། སློབ་གྲྭ་དང་། འཕྲོད་བསྟེན་ཁང་། མགྲོན་ཁང་བཅས་གསར་དུ་བསྐྲུན་པ་དང་གྲོང་མི་ཚོས་ཁྱིམ་ཚང་མགྲོན་ཁང་དང་། ཙག་ཙིག་ཚོང་ཁང་། མྱུར་སྐྱེལ་ས་ཚིགས་བཅས་བཙུགས་ནས་ཡུལ་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་དང་སྐྱོད་མུས་རེད།

མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博