http://zw.xzqnb.cn/Content/weixinlogo.png
ཉེ་ཆར། སློབ་གསོ་པུའུ་དང་ཀྲུང་གོ་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ལྷ
http://zw.xzqnb.cn/m/content/2025-12/12/001534.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རང་ལྗོངས་ཀྱི་དགེ་སློབ་བདུན་ལ་ཀྲུང་གོའི་ལས་ཞུགས་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཐོབ་པ།

ས་མཐོའི་འབྲོག་པས་སྔོ་ཚལ་ལོངས་སྤྱོད་ཐུབ་པ།

རྩོད་གཞི་འདུམ་འགྲིག་ལམ་སྲོལ་གསར་པ་བཙུགས་ནས་དུས་བདེ་འཛུགས་ སྐྲུན་གྱི“མཐའ་མའི་འགག་གནད”ཤར་གཏོང་བྱས་པ།

ཨེ་ཙེའི་ནད་ཤེས་རྟོགས་དང་སྔོན་འགོག་གིས་བདེ་ཐང་མཉམ་དུ་བསྲུང་བ།

等待处理…

རང་ལྗོངས་ཀྱི་དགེ་སློབ་བདུན་ལ་ཀྲུང་གོའི་ལས་ཞུགས་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཐོབ་པ།

2025年12月12日

ཉེ་ཆར། སློབ་གསོ་པུའུ་དང་ཀྲུང་གོ་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་ལས་ཞུགས་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཏེ། 2024ལོ་ནས་2025ལོའི་ལོ་འཁོར་གྱི“མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་ཀྱི་ཁྱད་འཕགས་སྦྱངས་འབྲས(སློབ་ཁྲིད)ལེགས་ཐོན་གྱི་བྱ་དགའི་དངུལ”གྱི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་རང་ལྗོངས་ཀྱི་དགེ་སློབ་7ཚུད་ཅིང་། དགེ་རྒན་ལིའུ་ཞུའེ་ཡུས་དང་། དེ་བཞིན་སློབ་མ་ཀུན་བཟང་ཆོས་འཕེལ་དང་། བློ་གྲོས། པའོ་ཧྲུའུ་ཧྥེན། མེ་ཏོག་ཆོས་བཟང་། པ་སངས་ཕན་ཐོགས། ཡོན་ཕུའུ་ཡུས་བཅས་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་ཀྱི་ཁྱད་འཕགས་སྦྱངས་འབྲས(སློབ་ཁྲིད)ལེགས་ཐོན་གྱི་བྱ་དགའི་དངུལ”ནི་སློབ་གསོ་པུའི་མཐོ་སློབ་སློབ་མ་སི(མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུ་སི)དང་། སློབ་གསོ་པུའི་སློབ་མའི་ཞབས་ཞུ་དང་བྱང་ཚད་འཕེལ་རྒྱས་ལྟེ་གནས་ཀྱིས་མཉམ་དུ་མཛུབ་ཁྲིད་བྱས་ཤིང་། ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོ་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བཙུགས་པ་མ་ཟད། 2022ལོར་སྐབས་དང་པོའི་དཔྱད་འདེམས་ལས་དོན་སྤེལ་བ་དང་མིག་སྔར་སྐབས་གསུམ་དཔྱད་འདེམས་བྱས་པར། རིམ་རྩིས་བརྒྱབ་ན་རང་ལྗོངས་ཀྱི་དགེ་སློབ་19ལ་གཟི་བརྗིད་དེ་ཐོབ་ཡོད། བྱ་དགའ་དེ་འཛུགས་པའི་དམིགས་ཡུལ་ནི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། གཞི་རིམ་གྱི་ལས་ཞུགས་ལས་གཏོད་ཁྲོད་གཟེངས་སུ་ཐོན་པ་དང་གྲུབ་འབྲས་མངོན་གསལ་ཐོབ་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་དང་དེ་བཞིན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་མཛུབ་ཁྲིད་བྱེད་པའི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མཐོ་སློབ་དགེ་རྒན་ལ་གཟེངས་བསྟོད་བྱ་རྒྱུ་དེ་རེད།

ད་ལོ་ནས་བཟུང་། རང་ལྗོངས་ཀྱིས་2025ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དོན་ཆེན་དང་པོར་བརྩིས་ནས་སྔོན་ལ་དམ་འཛིན་དང་གཙོ་གནད་དམ་འཛིན་གྱིས་ལས་གནས་རྒྱ་སྐྱེད་དང་། ལས་ཞུགས་ལ་མཛུབ་ཁྲིད། དཀའ་ངལ་ལ་རོགས་རམ། གསོ་སྦྱོང་ལས་ཞུགས་བཅས་ལ་མཉམ་འགུལ་ཤུགས་སྣོན་བརྒྱབ་ཅིང་། རང་ལྗོངས་ཀྱི་2025ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཚད་བརྒལ་ཆེན་པོ་བྱུང་བ་དང་། ཁྲོམ་ར་ཅན་གྱི་ལས་ཞུགས་གཙོ་ཁྲིད་དུ་བྱས་པའི་ཐབས་ལམ་མང་བའི་ལས་ཞུགས་གནས་བབ་རགས་ཙམ་ཆགས་ཡོད།

གནམ་ཕྱུག་རྒྱལ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博