http://zw.xzqnb.cn/Content/weixinlogo.png
ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བ
http://zw.xzqnb.cn/m/content/2025-11/07/001474.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཤང་ཀང་སློབ་ཆེན་གྱི་གཞོན་ནུ་སློབ་མའི་འཐུས་མི་བོད་དུ་སླེབས་ནས་ཉམས་མྱོང་སྤེལ་རེས་བྱེད་སྒོར་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ།

འགྲིམ་འགྲུལ་ཕྱོགས་བཞིར་ཤར་གཏོང་ཐུབ། འཚོ་བ་དེ་བས་མཛེས་སྡུག་ལྡན།

等待处理…

ཤང་ཀང་སློབ་ཆེན་གྱི་གཞོན་ནུ་སློབ་མའི་འཐུས་མི་བོད་དུ་སླེབས་ནས་ཉམས་མྱོང་སྤེལ་རེས་བྱེད་སྒོར་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ།

2025年11月07日

ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་ཆེད། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་གཞོན་ནུའི་ལས་དོན་པུའུ་ཡི་བློ་མཐུན་དང་རང་སྐྱོང་ལྗོངས་ཏང་ཨུའི་ཆོག་མཆན་ཐོབ་རྗེས་ཟླ་10ཚེས་12ནས་ཚེས་19བར་ཤང་ཀང་སློབ་ཆེན་གྱི་སློབ་མའི་འཐུས་མི་11བོད་ལྗོངས་སུ་བསྐྱོད་ནས་དུས་ཡུན་ཉིན་བརྒྱད་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་བོད་དང་ཤང་ཀང་སྤེལ་རེས་སྐུལ་སྤེལ་ཚོགས་པ་དང་། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན། ལྗོངས་ཕྱི་འབྲེལ་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཤང་ཀང་སློབ་ཆེན་ནང་སའི་ལས་དོན་ཁྲུའུ་ཡིས་གཞོགས་འདེགས་བྱས་པ་རེད།

བྱེད་སྒོ་སྤེལ་རིང་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དྲུང་ཡིག་ཁྲུའུ་ཡི་ལས་དོན་མི་སྣས་བརྒྱུད་རིམ་ཧྲིལ་པོར་ཕེབས་ནས་སྤེལ་རེས་ཚོགས་པའི་ཁོངས་མི་བོད་དུ་སྡོད་རིང་གི་ལུས་སེམས་བདེ་ཐང་དང་འགྲུལ་ལམ་བདེ་འཇགས་འགན་ལེན་བྱས་ཡོད།

སྤེལ་རེས་བྱེད་སྒོ་དེ་ས་གནས་ས་ཐོག་ཏུ་འཚམས་འདྲི་དང་གྲོས་བསྡུར་སྤེལ་རེས། བརྟག་ཞིབ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས་ཤང་ཀང་སློབ་ཆེན་གྱི་གཞོན་ནུ་སློབ་མར་བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ཉམས་ལེན་གཏིང་ཟབ་བྱས་ཏེ“ཁས་ལེན་ལྔ”སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

ཉིང་ཁྲིར་སྤེལ་རེས་ཚོགས་པས་ཀླུ་ནང་གི་གཞོན་ནུ་ཤེས་ཡོན་ཅན་ས་ཚིགས་ལ་འཚམས་འདྲི་བྱས་པ་རེད། ཤེས་ལྡན་གཞོན་ནུའི་ཉལ་ཁང་དང་ཐོན་སྐྱེད། འཚོ་བའི་ཡོ་བྱད་སོགས་རྩ་ཆེའི་དངོས་པོའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ལ་ལྟ་སྐོར་བྱས་པ་བརྒྱུད་ནས་སློབ་གྲོགས་ཚོས་དུས་རབས་རིམ་བྱུང་གི་མཐའ་མཚམས་འཛུགས་སྐྲུན་བྱེད་མཁན་རྣམས་ཀྱིས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བའི་རྒྱལ་གཅེས་བརྩེ་སེམས་ཐད་ཀར་ཚོར་ཐུབ། དེ་རྗེས་སྤེལ་རེས་ཚོགས་པས་ཀ་ལ་གྲོང་ཚོ་དང་མཚོ་ཀོ་གྲོང་ཚོར་འཚམས་འདྲིར་ཕེབས་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་རིགས་རྒྱས་སྤྲོས་ལྟར་འཕེལ་རྒྱས་ཕྱིན་པ་དང་། བོད་ལུགས་ཀྱི་སྲོལ་རྒྱུན་གྲོང་ཚོའི་སྡོད་ཁང་འཛུགས་སྐྲུན་སྲུང་སྐྱོང་བྱས་འབྲས་དངོས་སུ་མྱོང་ཚོར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཁྲོད་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་དུས་རབས་ཀྱི་འགྱུར་ལྡོག་མྱོང་ཚོར་བྱས་པ་རེད།

ལྷ་སར་སྤེལ་རེས་ཚོགས་པ་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་གསོ་རིག་སློབ་ཆེན་དུ་བསྐྱོད་དེ། ས་མཐོའི་ཁྱད་ཆོས་ལྡན་པའི་ཚན་རིག་ཞིབ་འཇུག་བརྒྱུད་ནས་བོད་སྨན་རིག་པ་དེང་རབས་ཅན་དུ་འཕེལ་རྒྱས་བྱུང་བ་དང་གནའ་བོའི་རྒྱུན་འཛིན་གཏིང་ཟབ་ནས་ཤེས་རྟོགས་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་མཐོ་རིམ་སློབ་གསོའི་བྱ་གཞག་ལ་རྒྱང་ལྟ་རང་བཞིན་གྱི་འཆར་འགོད་དང་ཐབས་ཇུས་རང་བཞིན་གྱི་རྒྱབ་སྐྱོར་བྱས་པ་བདེན་དཔང་བྱས་ཡོད།

གཞན་ཡང་སྤེལ་རེས་ཚོགས་པས་ད་དུང་པོ་ཏ་ལ་ཕོ་བྲང་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། གཙུག་ལག་ཁང་། ཆིང་སྲིད་གཞུང་གི་བོད་ལྗོངས་བློན་ཆེན་ཡ་མོན་གྱི་གནས་ཡུལ་རྙིང་པ་སོགས་ལ་ལྟ་སྐོར་བྱས་ཤིང་། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་དངོས་དང་རྩ་ཆེའི་འཛུགས་སྐྲུན་ཤུལ་བཞག་ཁྲོད་དུ“བོད་ལྗོངས་ནི་གནའ་རབས་ནས་བཟུང་ཀྲུང་གོ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན”ཞེས་པའི་ལོ་རྒྱུས་ཀྱི་དོན་དངོས་ངོས་འཛིན་གཏིང་ཟབ་བྱུང་ཡོད།

སྤེལ་རེས་ཚོགས་པའི་ཁོངས་མི་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོས་གཞོན་ནུ་འཚར་ལོངས་དང་ཤེས་ལྡན་མི་སྣ། རིག་གནས་ལས་བརྒལ་བའི་བསམ་ཤེས་དང་ཕན་ཚུན་དཔྱད་ཞིབ། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཕྱོགས་གཉིས་པོས་བསམ་ཚུལ་དང་མྱོང་ཚོར་གླེང་མོལ་བྱས་ནས་ཉམས་མྱོང་དང་ཤེས་རྟོགས་མཉམ་སྤྱོད་བྱས་ནས་ས་ཁོངས་ལས་བརྒལ་བའི་མཛའ་གྲོགས་ཀྱི་ཟམ་པ་བདེ་བླག་ངང་བསྐྲུན་ཡོད།

ཞོལ་འདོད་དཔལ་ལག་རྩལ་སློབ་གྲྭར་བསྐྱོད་དེ་ཤང་ཀང་གི་སློབ་མ་ཚོས་བོད་ལུགས་ཀྱི་སྲོལ་རྒྱུན་བཟོ་རྩལ་བཟོ་བའི་བརྒྱུད་རིམ་དངོས་སུ་མྱོང་ཚོར་བྱ་རྒྱུར་ཞུགས་པ་དང་། བོད་རིགས་བཟོ་རྩལ་པ་དང་ལག་རྩལ་རྒྱུན་འཛིན་པ་མཉམ་དུ་གསར་གཏོད་ཐད་སྤྲོ་སེམས་འཁོལ་བའི་གྲོས་བསྡུར་བྱས་ཏེ་ལག་ཤེས་སྒྱུ་རྩལ་ཁྱབ་ཁོངས་སུ་རྒྱ་བོད་རིག་གནས་མཉམ་འདྲེས་དང་མཉམ་གནས་ཀྱི་མྱོང་ཚོར་ཐད་ཀར་བྱུང་ཡོད། རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ལ་ལྟ་སྐོར་དང་ཡུལ་ལྗོངས་དངོས་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》ལ་ལྟ་སྐོར་བྱས་པ་བཅས་བརྒྱུད་ནས། སློབ་གྲོགས་ཚོས་དེང་རབས་སྒྱུ་རྩལ་གྱི་མཚོན་ཚུལ་དང་ལོ་རྒྱུས་ཀྱི་བརྗིད་ཉམས་ལྡན་པའི་ཁྲོད་མི་རིགས་ཁག་གི་ཡུན་རིང་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་དུ་གྲུབ་པའི་བརྩེ་དུང་ཟབ་མོ་དང་བསམ་པའི་ཐུན་མོང་གི་ངོས་འཛིན་ཤེས་རྟོགས་བྱས་ཏེ། སྤེལ་རེས་ཚོགས་པ་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་ཕེབས་ནས་དམངས་གཉེར་དཔལ་འབྱོར་མི་སྣའི་ཁྱིམ་དུ་ལྟ་སྐོར་བྱས་པ་མ་ཟད། ཕུལ་བྱུང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་གྲོས་བསྡུར་བྱས་ནས་མི་རིགས་ཁག་གིས་ཏང་གི་འགོ་ཁྲིད་འོག་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་འཕེལ་རྒྱས་ཀྱི་ལག་ལེན་གྲུབ་འབྲས་ཤེས་རྟོགས་བྱས་པ་རེད།

ད་ཐེངས་ཀྱི་སྤེལ་རེས་བྱེད་སྒོ་དེས་ཤང་ཀང་སློབ་ཆེན་གཞོན་ནུ་རྣམས་ལ་བོད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་མྱོང་ཚོར་ཐུབ་པ་མ་ཟད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་སྤྱི་ཚོགས་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་འཆམ་མཐུན། ཆོས་ལུགས་འཆམ་མཐུན་བདེ་བླག་བྱུང་བ། མཐའ་སྲུང་སྲ་བརྟན་དང་བདེ་འཇགས། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་བདེ་ཐང་བཅས་ཀྱི་དར་རྒྱས་ཆེ་བའི་སྣང་ཚུལ་ཕྱོགས་མང་པོའི་ཐོག་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད།

ཞང་ཀང་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཝང་ཡུས་ཧན་གྱིས“ལོ་རྒྱུས་དང་དོན་དངོས་འདི་གར་མཉམ་འདྲེས་བྱས་པས་བོད་ལྗོངས་ཀྱི་འགྱུར་ལྡོག་ངས་དངོས་གནས་ཚོར་བྱུང་། སྤེལ་རེས་ཀྱི་བརྒྱུད་རིམ་དེས་བོད་ལྗོངས་ཀྱི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་ཏུ་ཕྱིན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཡར་ཐོན་གྱི་རླབས་ཆེན་བྱ་གཞག་ལ་དེ་བས་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ངས་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་ལྡབ་འགྱུར་བྱེད་ཀྱི་ཡོད”ཅེས་བཤད།

ཤང་ཀང་སློབ་ཆེན་ལོ་རིམ་ལྔ་པའི་སློབ་མ་ཡེ་སིས“ད་ཐེངས་ཀྱི་སྤེལ་རེས་ཡུལ་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཕྲན་བུ་ལས་བོད་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བསམ་བློའི་འདུ་ཤེས་དེ་རིགས་རྒྱུན་གཏན་འཚོ་བའི་ཁྲོད་དུ་རྩ་བ་གཏིང་ཟབ་ཚུགས་ཡོད་པ་ངས་མཐོང་བྱུང་། བོད་ཀྱི་མི་དམངས་དང་རང་བྱུང་མཉམ་གནས། ཚེ་སྲོག་ལ་གུས་བཀུར་བྱེད་པའི་ང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད”ཅེས་བཤད།

ཤང་ཀང་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་ཀྲོའུ་ཀྲོའུ་ལིན་གྱིས“བོད་ཀྱི་མི་དམངས་ཚང་མ་ཧ་ཅང་སྤྲོ་སེམས་འཁོལ་བའི་མཛའ་མཐུན་ཡིན། ད་ཐེངས་ཀྱི་སྤེལ་རེས་དེས་བོད་ལ་ངས་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་པ་མ་ཟད་ང་ལ་དྲོ་སྐྱིད་ཧ་ཅང་ཆེན་པོ་བྱུང་”ཞེས་དགའ་ཚོར་ཆེན་པོས་བཤད།

གོམ་སྟབས་རྗེས་མར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་བརྟན་པོ་དང་རང་སྐྱོང་ལྗོངས་ཕྱི་འབྲེལ་གཞུང་དོན་ཁང་སོགས་སྡེ་ཚན་གྱི་མཛུབ་ཁྲིད་རྒྱབ་སྐྱོར་འོག ཤང་ཀང་དང་ཨའོ་མོན་གཞོན་ནུ་སྤེལ་རེས་ཕན་ཚུན་འཚམས་འདྲི་བྱེད་པའི་ལས་དོན་ཧུར་ཐག་བརྟན་པོའི་ངང་མུ་མཐུད་སྤེལ་རྒྱུ་དང་། ཤུགས་རྐྱེན་ལྡན་པའི་སྤུས་རྟགས་བྱེད་སྒོ་ཧུར་ཐག་བཏོད་ནས་དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་གཏམ་རྒྱུད་སྔར་བས་ཡག་པོ་བཤད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་དྲིལ་བསྒྲགས་བྱེད་པར་ཧུར་ཐག་འབད་ཐག་གིས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博