http://zw.xzqnb.cn/Content/weixinlogo.png
ཟླ་10ཚེས་29ཉིན། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་“དུ
http://zw.xzqnb.cn/m/content/2025-11/07/001471.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

2025•ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་“དུས་རབས་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁུར་”གྱི་གླེང་སྟེགས་ཉིང་ཁྲིར་འཚོགས་པ།

ལས་འཚོལ་ལས་སྟེགས་བསྐྲུན་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།

ཏང་ཡོན་དང་མང་ཚོགས་མཉམ་དུ་སྟོན་བསྡུའི་ལས་ལ་བྲེལ་བ།

等待处理…

2025•ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་“དུས་རབས་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁུར་”གྱི་གླེང་སྟེགས་ཉིང་ཁྲིར་འཚོགས་པ།

2025年11月07日

ཟླ་10ཚེས་29ཉིན། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་“དུས་རབས་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁུར་”གྱི་གླེང་སྟེགས་ཉིང་ཁྲིར་འཚོགས་པ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་གཙོ་དོན་གཏམ་བཤད་གནང་བ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཞའོ་གླེང་སྟེགས་སུ་ཞུགས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱི་བློ་མཐུན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པ། ས་གནས་དང་གྲོང་ཁྱེར་ཁག་གཅིག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། ལྗོངས་ཕྱི་ནང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུའི་འཐུས་མི་དང་དེ་བཞིན་ཕྱི་རྒྱལ་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མི་སྣ་ཁག་གཅིག་ད་ཐེངས་ཀྱི་གླེང་སྟེགས་ནང་ཞུགས་པ་རེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་གླེང་སྟེགས་གཙོ་སྐྱོང་གནང་བ་རེད།

ཀྲའོ་ཕེང་གིས་ད་ཐེངས་ཀྱི་གླེང་སྟེགས་ཐོག་ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུ་མཉམ་དུ་འཛོམས་ནས་“དུས་རབས་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁུར་”སྐོར་གླེང་མོལ་བྱས་པར་དོན་དངོས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པས། དེང་རབས་བོད་ཀྱི་གཞོན་ནུ་ཚོས་ད་ཐེངས་ཀྱི་གླེང་སྟེགས་འདི་གོ་སྐབས་སུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྣེ་ཁྲིད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འགན་འཁུར་མཁན། སྐྱེ་ཁམས་ཤེས་རིག་འཛུགས་སྐྱོང་གི་ལག་ལེན་མཁན། མཐའ་སྲུང་གིས་མཐའ་མཚམས་སྟོབས་ཆེའི་དར་རྒྱས་གཏོང་བར་ལེགས་སྐྱེས་འབུལ་མཁན། བོད་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བར་མཛེས་སྡུག་བསྣན་པ་དང་། ད་དུང་སྐུ་མགྲོན་དང་གྲོགས་པོ་ལྷན་རྒྱས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་དེ། བོད་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་བསམ་འཆར་དང་ཐབས་ཇུས་ཧུར་ཐག་འདོན་པ་དང་། བོད་ཀྱི་གཞོན་ནུས་འགན་འཁུར་དང་འབད་འཐབ་བྱེད་པར་དེ་ལས་མང་བའི་རྒྱབ་སྐྱོར་དང་རྩ་ཆེའི་བསམ་འཆར་འདོན་པར་རེ་སྒུག་བྱེད་བྱེད་ཀྱི་ཡོད།

ཞུས་ཞའོ་ཡིས་“2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་”འགོ་ཚུགས་མཛད་སྒོའི་ཐོག་གི་ཤིས་ཚིག་ལས་ནན་བཤད་གནང་དོན། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་“དོན་ཆེན་བཞིའི”ནང་ཧུར་བརྩོན་ཆེན་པོས་ཞུགས་ཏེ་མི་རིགས་མཐུན་སྒྲིལ་གྱི་“སེམས་མཐུན་སྒོར་མོ་”ཐུན་མོང་ཐོག་འབྲི་བའི་ཁྲོད་དུ་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ནང་དཔའ་ངར་ཆེན་པོས་འགན་འཁྲི་ལྗིད་པོ་འཁུར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཐུན་མོང་ཐོག་གཏོད་པར་འགན་འཁྲི་མངོན་ཏེ། མཉམ་འདུས་ངང་མཐའ་མཚམས་སྲ་བརྟན་དར་རྒྱས་དང་དམངས་ཕྱུག་སྐུལ་སློང་གི་སྟོབས་ཤུགས་ཁྲོད་གདོང་མཆོང་པ་བྱེད་དགོས། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་རྒྱ་ཆེའི་གཞོན་ནུ་རྣམས་ཚན་རྩལ་གསར་གཏོད་ཀྱི་མདུན་གྲལ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གཡུལ་ས་གཙོ་བོ། འབྱུང་འཕྲོད་གོང་འཕེལ་ཀྱི་མཐོ་ས་གསར་པ། སྤྱི་ཚོགས་ཞབས་འདེགས་ཀྱི་གཞི་རིམ། རྒྱལ་སྲུང་མཐའ་སྲུང་གི་འཐབ་ཕྱོགས་དང་པོ་བཅས་སུ་ཧུར་ཐག་ངང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀར་སྒུལ་ནུས་འཕྱུར་དགོས།

ད་ཐེངས་ཀྱི་གླེང་སྟེགས་དེ་བརྗོད་དོན་གཙོ་བོའི་གཏམ་བཤད་དང་འབོལ་ཁྲིའི་གླེང་སྟེགས་བཅས་རིགས་གཉིས་ཀྱི་རྣམ་པའི་ཐོག་ནས་གཉེར་བ་དང་། བརྗོད་དོན་་གཙོ་བོའི་གཏམ་བཤད་ཀྱི་བརྒྱུད་རིམ་ནང་རྒྱལ་ཁབ་ཕྱི་ནང་གི་མངའ་ཁོངས་ཁག་གི་གཞོན་ནུ་འཐུས་མི་11ཡིས་ས་གནས་ས་ཐོག་ཏུ་གཏམ་བཤད་གནང་བ་རེད།

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་སྤེན་པ་ལྷ་མོས་གཏམ་བཤད་གནང་སྐབས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་གསོག་འཇོག་ལས་ང་ཚོར་འཕེལ་རྒྱས་ཀྱི་རྨང་རྡོ་བཏིང་ཡོད། རྒྱལ་ཁབ་ཀྱི་ཐབས་ཇུས་ལས་ང་ཚོར་མདུན་སྐྱོད་ཀྱི་འབོད་སྒྲ་སྒྲོག་ཡོད་པས་ང་ཚོས་ལོ་རྒྱུས་ཀྱི་གནས་ཚད་གསར་རྐྱང་ཞིག་གི་སྟེང་དུ་ལངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ས་མཐོའི་ཐོག་མཛེས་སྡུག་ལྡན་པའི་གཞོན་ནུའི་དུས་རབས་ཀྱི་ལེའུ་མུ་མཐུད་བྲིས་ནས་ས་མཐོའི་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་འབྲེལ་བ་དམ་ཟབ་ཡོད་པའི་དུས་རབས་ཀྱི་ལན་བྲིས་དགོས།

འབོལ་ཁྲིའི་གླེང་སྟེགས་ཀྱི་བརྒྱུད་རིམ་ནང་ཆེད་མངགས་གདན་ཞུ་བྱས་པའི་ཆིང་ཧྭ་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་འབུམ་རམས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་འགྲན་བསྡུར་ཆེན་པོའི་ཕུལ་བྱུང་བདམས་ཐོན་པ་རྟ་མགྲིན་ཆོས་འཕེལ་གྱིས་གཙོ་སྐྱོང་བྱས་ནས་རྒྱལ་ནང་གི་ཕུལ་བྱུང་གཞོན་ནུའི་འཐུས་མི་10དང་མཉམ་དུ་ལང་ཚོའི་འབད་འཐབ་དང་འགན་འཁུར་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད། ད་ཐེངས་ཀྱི་གླེང་སྟེགས་དེ་ལས་རྒྱལ་ཁབ་ཕྱི་ནང་གི་གཞོན་ནུ་ཚོར་སྤེལ་རེས་ཀྱི་སྟེགས་བུ་བཙུགས་ནས་གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རོགས་རམ་བྱས་ཏེ། དུས་རབས་གསར་པའི་གཞོན་ནུ་གཞུང་འཁྱོངས་གསར་འབྱེད་དང་དཔའ་སྐྱེད་མདུན་སྐྱོད་ཁྲིད་སྟོན་ཧུར་ཐག་བྱ་ཆེད། རྒྱུན་ཆད་མེད་པར་འཆམ་མཐུན་དང་མཐུན་སྒྲིལ་གྱིས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལང་ཚོའི་སྟོབས་ཤུགས་འདོན་སྤེལ་དང་། འགན་འཁྲི་ལག་ལེན་བསྟར་རྒྱུར་གཞོན་ནུ་ལ་རོགས་རམ་ཟམ་མི་ཆད་པར་མཁོ་འདོན་བྱས་ཏེ་འཛམ་གླིང་ཡོངས་ལ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོའི་གོང་འཕེལ་སྤུས་ཀའི་མཛེས་ཉམས་ངོམས་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博