
ཟླ་8ཚེས་29ཉིན། “ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་བྲོ་བ”སྟེ་ཐུན་མིན་རོ་བཅུད། ལྕེ་རྩེའི་རོ་བརྒྱའི་ཞིམ་ཟས་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ལྷ་སར་གཉེར་བ་རེད། འགྲན་བསྡུར་བྱ་ཡུལ་དུ་བདམས་ཐོན་པས་ཐབས་མཁས་པོས་བོད་ཀྱི་ཁྱད་ཆོས་དག་ཚལ་རིགས་ཇུས་འགོད་དང་སྒྲིག་གཤོམ་ནང་མཉམ་འདྲེས་བྱས་ཏེ་བྱང་ཆུབ་པའི་ལག་རྩལ་ངོམས་ནས། འགྲན་བསྡུར་གྱི་དཔྱད་འདེམས་པ་དང་ས་ཡུལ་དངོས་ཀྱི་གྲོང་མི་མང་ཚོགས་ལ་མིག་གི་ལོངས་སྤྱོད་ཡིན་ལ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་བྲོ་བ་ལྡན་པའི་ཞིམ་ཟས་མང་པོ་བཤམས་ནས། ཚང་མར་བོད་ཀྱི་བཟའ་བཏུང་ལས་རིགས་ཀྱི་སྐྱེ་སྟོབས་འབར་བའི་གསོན་ཤུགས་དང་ཞིམ་ཟས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་གཏིང་ཟབ་ཚོར་ཐུབ་པར་བྱས་པ་རེད། འདི་ནི་འགྲན་བསྡུར་ཆེན་པོར་སྟོན་པའི་ཞིམ་ཟས་ཡིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།
 



 
         
         
        