http://zw.xzqnb.cn/Content/weixinlogo.png
སྔོན་ས་ཆ་ཞིག་ན། གཞན་གྱི་བསྔགས་བརྗོད་ལ་ལྷག་པར་སྤྲོ་བའི་བགྲེས་ས
http://zw.xzqnb.cn/m/content/2025-08/29/001368.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཡིད་ཀྱི་མེ་ལོང་དུ་འཆར་བའི་ཕ་ཡུལ།

༄༅། །བྱིས་པ་ཚོ་མེ་ཏོག་རང་རེད།

༄༅། །རྒད་པོ་དང་རྒད་མོ།

༄༅། །གསོམ་སྡོང་།

等待处理…

༄༅། །རྒད་པོ་དང་རྒད་མོ།

2025年08月29日

སྔོན་ས་ཆ་ཞིག་ན། གཞན་གྱི་བསྔགས་བརྗོད་ལ་ལྷག་པར་སྤྲོ་བའི་བགྲེས་སོང་ཁྱོ་ཤུག་གཉིས་ཡོད་པར་གྲགས། བགྲེས་སོང་གཉིས་ཀྱིས་གཞན་གྱི་བསྔགས་བརྗོད་ཐོབ་ཕྱིར། ཉིན་ལྟར་ཕན་ཚུན་སེམས་བརྩེ་བརྩེ་དང་ཡིད་དུང་དུང་བྱེད་ཀྱི་ཡོད་ལ། ལྷག་པར་དུ། ལུག་རྡོག་དྲུག་ཡོད་པ་ལ་གང་འཇམ་འཇམ་དང་གང་ཡག་ཡག་བྱེད་ཅིང་། འབྲུ་ཁལ་དྲུག་ཡོད་པ་དག་ཀྱང་གྲལ་འགྲིག་འགྲིག་དང་སྣོད་གཙང་གཙང་བྱས་ཏེ་འཇོག་གི་ཡོད།

ཉིན་ཞིག ལུང་པ་དེར་ཁྲམ་པ་མི་དྲུག་འབྱོར་བ་དང་། དེ་དག་གིས་བགྲེས་སོང་གཉིས་པོ་གཞན་གྱི་བསྔགས་བརྗོད་ལ་ཧ་ཅང་དགའ་བ་ཤེས་ཏེ། ཁྲམ་པ་དེ་དག་རེ་རེ་བཞིན་བགྲེས་སོང་གཉིས་ཀྱི་ཁྱིམ་དུ་འགྲོ་བར་གྲོས་འཆམ། ཉིན་དང་པོར་ཁྲམ་པ་མི་གཅིག་བགྲེས་སོང་གཉིས་ཀྱི་སར་སོང་སྟེ། ཨེ། རྒད་པོ་རྒད་མོའི་འཆམ་རྒྱུ་ལ། །ལུག་རྡོག་དྲུག་པོའི་ཡག་རྒྱུ་ལ། །འབྲུ་ཁལ་དྲུག་པོའི་འགྲིག་རྒྱུ་ལ། །ཞེས་བསྔགས་པས། བགྲེས་སོང་གཉིས་རབ་ཏུ་དགའ་སྟེ། ཁྲམ་པ་དེར་ལུག་གཅིག་དང་འབྲུ་ཁལ་གཅིག་སྤྲད།

ཉིན་གཉིས་པར་ཡང་ཁྲམ་པ་གཞན་ཞིག་ཡོང་སྟེ། ཨེ། རྒད་པོ་རྒད་མོའི་འཆམ་རྒྱུ་ལ། །གཡང་ལུག་ལྔ་ཡི་ཡག་རྒྱུ་ལ། །འབྲུ་ཁལ་ལྔ་ཡི་འགྲིག་རྒྱུ་ལ། །ཞེས་སྔར་ལྟར་བསྔགས་བརྗོད་བྱས་པར། བགྲེས་སོང་གཉིས་ཧ་ཅང་དགའ་སྟེ། ཁྲམ་པ་དེར་ལུག་གཅིག་དང་འབྲུ་ཁལ་གཅིག་སྤྲད།

བགྲེས་སོང་གཉིས་ཀྱིས་འདི་ལྟར་ཁྲམ་པ་གཅིག་ཡོང་བ་དང་ལུག་གཅིག་དང་འབྲུ་ཁལ་གཅིག་སྤྲད། གཞན་ཞིག་ཡོང་བ་དང་ལུག་གཅིག་དང་འབྲུ་ཁལ་གཅིག་སྤྲད་པས། ཆེས་མཐའ་མཇུག་ཏུ་ལུག་དང་འབྲུ་ཁལ་ཡོད་ཚད་གཞན་ལ་ཤོར་ཏེ། སྤྲང་པོ་ལག་སྟོང་གཉིས་སུ་གྱུར་ཏོ། །

དཀོན་མཆོག་དགེ་བསྙེན་གྱིས་བསྡུས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博