http://zw.xzqnb.cn/Content/weixinlogo.png
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི
http://zw.xzqnb.cn/m/content/2025-08/29/001359.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚ་ཁ་གྲོང་ཚོར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་བྱུང་།

བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་མཐའ་མཚམས་སུ་བསྐྱོད་པའི་བྱེད་སྒོ་དེ་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ་སྤེལ་བ།

ཁྱིམ་གཞིས་གསར་པ། འཚོ་བ་གསར་པ།

等待处理…

“ལང་ཚོའི་སེམས་པ་མཐའ་མཚམས་སུ་ཕྱོགས་ཏེ་མཐའ་མཚམས་ལ་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་པ།”

བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་མཐའ་མཚམས་སུ་བསྐྱོད་པའི་བྱེད་སྒོ་དེ་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ་སྤེལ་བ།

2025年08月29日

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཡོངས་ཀྱི་མཐའ་མཚམས་སྲ་བརྟན་དང་། དར་རྒྱས། དམངས་ཕྱུག་ཡོང་བའི་བྱ་སྤྱོད་ལ་རོགས་རམ་བྱ་ཆེད། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཨུ་ཡོན་གྱིས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་དང་། མཐའ་མཚམས་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་སྔར་བས་ཆེ་བ་ཕུལ་ཆེད། ཟླ་8ཚེས་14ཉིན་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ“ལང་ཚོའི་སེམས་པ་མཐའ་མཚམས་སུ་བསྐྱོད་དེ་མཐའ་མཚམས་ལ་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་པ།”ཞེས་པའི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་མཐའ་མཚམས་སུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེ་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། སྡེ་ཚོགས་གཞིས་རྩེ་གྲོང་ཨུད་དང་། གཞིས་རྩེ་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་དང་སྡེ་ཚོགས་ཁང་དམར་རྫོང་ཨུད་ཀྱིས་གཞོགས་འདེགས་བྱས་པ་རེད།

ཚེས་14ཉིན་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཁང་དམར་རྫོང་ཀ་ལ་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་ནས“རྒྱལ་སྟོབས་སྤེལ་འདུན། ལང་ཚོས་བཤད་པ་”ཞེས་པའི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཆད་ཁྲིད་ཁང་ཆེན་པོའི་བྱེད་སྒོ་སྤེལ་བ་དང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་རྒྱལ་རྩེའི་བོད་གདན་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་བསྟར་འགན་འཛིན་པ་བསྟན་འཛིན་གྱིས་བོད་གདན་འཕེལ་རྒྱས་དང་བཟོ་བའི་ལག་རྩལ་ཐད་ལ་དམིགས་ནས། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་བོད་ལྗོངས་གུས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་ལིའུ་ཞུས་ཙིས་ཀྲུང་ཧྭའི་སྲོལ་རྒྱུན་གུས་ལུགས་སྐོར་མཉམ་སྤྱོད་སྤེལ་རེས་གནང་བ་རེད།

དེ་རྗེས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོས་སློབ་གྲོགས་ཚོར་སློབ་སྦྱོང་གི་ཡོ་བྱད་དང་བསམ་འདུན་གྱི་དངོས་རྫས་སོགས་སྤྲད་དེ་སློབ་གྲོགས་ཚོས་ཏང་གི་བཀའ་དྲིན་ཚོར་ནས། སློབ་སྦྱོང་ཧུར་ཐག་གིས་ཤེས་ལྡན་མི་སྣར་འགྱུར་བར་བྱས་ཏེ་མེས་རྒྱལ་ལ་ཞབས་འདེགས་ཞུ་རྒྱུའི་སྐུལ་ལྕག་བྱས་པ་རེད།

ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་བཅས་པ་ཁང་དམར་རྫོང་ཀ་ལ་ཤང་གྱེན་གུག་གྲོང་ཚོར་ཕེབས་ཤིང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་། བོད་ལྗོངས་ས་སྐྱ་པན་ནཱ་ཚང་སྨན་རྩིས་ཁང་གི་ཡོན་ཀྲང་འཇམ་དབྱངས་ཀྱིས་སྣེ་ཁྲིད་འོག་འོས་འགན་སྨན་བཅོས་ཚོགས་པས་སྨན་བཅོས་ཞབས་ཞུ་དང་དེ་བཞིན་བདེ་ཐང་སློབ་གསོ་དྲིལ་བསྒྲགས་བྱས་པ་དང་། གྱེན་གུག་གྲོང་ཚོའི་ཡུལ་མི་མི་གྲངས་200ལྷག་ཙམ་འོས་འགན་སྨན་བཅོས་བྱེད་སྒོར་ཞུགས་ཡོད།

ཀ་ལ་ཤང་དུ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལྔ་ལ་འཚམས་འདྲི་བྱས་ནས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་དགོས་མཁོ་ཤེས་རྟོགས་དང་། ཞིང་པའི་དུད་ཚང་ཁག་ལ་དངོས་རྫས་དང་འཚོ་བའི་ཡོ་ཆས་སྤྲད་དེ་གཞོན་ནུ་མཉམ་འབྲེལ་ཨུ་ཡོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་བརྒྱུད་སྤྲོད་བྱས་ཡོད།

རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་ཏའེ་ཡིས་“ད་ཐེངས་མཐའ་མཚམས་སུ་བསྐྱོད་པར་གྲུབ་འབྲས་མང་པོ་ཐོབ་ཡོད། ཕྲུ་གུ་ཚོའི་རེ་བ་ཕྲན་བུ་མངོན་འགྱུར་བྱས་ཡོད་ལ། གྱེན་གུག་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་སྐབས། ཡུལ་མི་ཚོའི་འཛུམ་མདངས་དང་རེ་སྒུག་དག་ལས་ང་ལ་འགན་འཁྲི་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་སྐྱེས་བྱུང་། ”ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་ནི་བོད་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་སྲིད་ལྟེ་གནས་ཀྱི་ལས་དོན་སྒྲིག་འཛུགས་དང་ཞབས་འདེགས་ཞུ་བ་དང་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་ནང་འགན་འཁྲི་ལག་བསྟར་བྱེད་པར་གསོན་ཉམས་ལྡན་པའི་ལག་ལེན་གཏིང་ཟབ་ཏུ་ཕྱིན་ཡོད་པས། གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་རྣམས་ཀྱིས་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་“ལང་ཚོའི་སེམས་པ་མཐའ་མཚམས་སུ་ཕྱོགས་པའི”འགན་འཁྲི་ཁུར་ཐུབ་པ་གསལ་བཤད་བྱས་ཡོད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博