http://zw.xzqnb.cn/Content/weixinlogo.png
ཐག་རིང་རྫོང(ཆུས)གི་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་ས་
http://zw.xzqnb.cn/m/content/2025-08/29/001357.html
《汉文版》 《藏文版》

第01版:གལ་ཆེའི་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

པར་རིས་གསར་འགྱུར།

ནག་ཆུ་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེཌ་བྱས་པ།

等待处理…

ནག་ཆུ་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེཌ་བྱས་པ།

2025年08月29日

ཐག་རིང་རྫོང(ཆུས)གི་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་ས་ཐག་རིང་བ་དང་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ་སོགས་ཀྱིས་རྐྱེན་པས་ལས་ཡུལ་གཞན་དུ་ལས་ཀ་འཚོལ་བའི་མ་གནས་མཐོ་བ་དང་ལས་ཞུགས་ཐོན་ཁུངས་ཐོབ་དཀའ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ནག་ཆུ་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ“ལས་འཚོལ་ས་ཚིགས་དང་ལས་ཞུགས་ཞབས་ཞུ་ཟུང་འབྲེལ”གྱི་གཞི་གཅིག་ཅན་གྱི་རྣམ་པ་སྔོན་ལ་བཏོད་ནས། རིན་མེད་ཞག་སྡོད་དང་གནད་སྨིན་གྱི་ལས་ཞུགས་ཞབས་ཞུ་སོགས་མཁོ་འདོན་གྱིས་ལས་ཞུགས་ཞབས་ཞུའི་མཐའ་མའི་འགག་གནད་བསལ་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱས་ཡོད།

ནག་ཆུ་གྲོང་ཁྱེར་གྱིས“གནད་སྨིན་རོགས་སྐྱོར་དང་སྟབས་བདེ་ནུས་ཆེ”ལྟེ་བར་བྱས་ཏེ“ཞག་སྡོད་འགན་སྲུང་དང་ལས་ཞུགས་ཀྱིས་མཐུན་རྐྱེན་སྦྱོར་བ་ཟུང་འབྲེལ”གྱི་སྲོལ་གཉིས་མཉམ་འགུལ་ཞབས་ཞུའི་མ་ལག་བཙུགས་ནས་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མ་ལས་ཞུགས་བྱེད་པར་འདེགས་སྐྱོར་བྱས་ཡོད། གྲོང་ཁུལ་གྱི་གསོལ་མགྲོན་ཁང་གཉིས་ཚད་ལྡན་ཅན་གྱི་ལས་འཚོལ་ས་ཚིགས་སུ་བསྒྱུར་ཏེ་སློབ་གྲྭ་ཐོན་ནས་ལོ་གཉིས་ལས་སོང་མེད་པའི་ཐག་རིང་རྫོང(ཆུས)གི་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མར་མི་རེར་ལོ་རེར་ཉིན་ལྔའི་རིན་མེད་ཞག་སྡོད་མཁོ་འདོན་བྱས་ཏེ། ལས་ཀ་འཚོལ་རིང་གི“ཞག་སྡོད་དཀའ་བ་དང་མ་གནས་མཐོ་བའི”ཁ་ཚ་དགོས་གཏུག་གི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་པ་དང་ཆབས་ཅིག ལས་ཞུགས་མཛུབ་སྟོན་དང་། ལས་གནས་གནད་འཁེལ་པོས་འོས་སྦྱོར། སྲིད་ཇུས་ཀྱི“གཅིག་གཏད་གཅིག”གི་གསལ་འགྲེལ་སོགས་འཁོར་འབྲེལ་ཧྲིལ་པོའི་ཞབས་འདེགས་ཞུས་ནས་ལས་ཞུགས་ལེགས་ཐུབ་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博