http://zw.xzqnb.cn/Content/weixinlogo.png
ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ
http://zw.xzqnb.cn/m/content/2025-08/22/001346.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལོ་ངོ་60ཡི་འཕོ་འགྱུར་ཕྲུ་གུ་ཚོའི་སློབ་ཁང་ནས་མངོན།

“གསར་རྗེའི་རྐང་རྗེས་འཚོལ་ཞིབ་དང་གསར་རྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི”བོད་ཀྱི་གཞོན་ནུ་ལོ་ཆུང་གི་གསར་རྗེའི་སློབ་གསོ་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

等待处理…

“གསར་རྗེའི་རྐང་རྗེས་འཚོལ་ཞིབ་དང་གསར་རྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི”བོད་ཀྱི་གཞོན་ནུ་ལོ་ཆུང་གི་གསར་རྗེའི་སློབ་གསོ་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

2025年08月22日

ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོ་རྟེན་གཞིས་སྒྲུབ་འགན་འཁུར་བའི་“གསར་རྗེའི་རྐང་རྗེས་འཚོལ་ཞིབ་དང་གསར་རྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི”བོད་ལྗོངས་གཞོན་ནུ་ལོ་ཆུང་ཧྲན་ཤིས་ཡན་ཨན་གསར་རྗེའི་སློབ་གསོ་ཞིབ་འཇུག་སློབ་སྦྱོང་བྱེད་པར་བསྐྱོད་པའི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་བ་རེད། གཞིེས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དང་ཁང་དམར་རྫོང་ནས་ཡོང་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་12དུས་ཡུན་ཉིན་བདུན་གྱི་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོའི་ནང་གསར་བརྗེའི་གནས་ཡུལ་རྙིང་པར་ལྟ་སྐོར་དང་གསར་བརྗེའི་གཏམ་རྒྱུད་ཉན་པ། མཉམ་འགུལ་ཉམས་ལེན་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྲུ་གུ་ཚོའི་སེམས་སུ་གསར་བརྗེའི་སྙིང་སྟོབས་ཀྱི་མྱུ་གུ་སྐྱེས་པར་བྱས་ཏེ། ཁོང་ཚོས་གསར་རྗེའི་སྙིང་སྟོབས་རྒྱུན་འཛིན་དང་དུས་རབས་གསར་པའི་འགན་འཁུར་མཁན་དུ་འགྱུར་བར་སྐུལ་ལྕག་བྱས་པ་རེད། དེ་དང་དུས་མཚུངས་གཙོ་གཉེར་ཕྱོགས་ཀྱིས་ཡན་ཨན་གསར་བརྗེའི་ལོ་རྒྱུས་དང་རིག་གནས་ཁྱད་ཆོས་ལ་དམ་པོར་དམིགས་ནས་མུ་འབྲེལ་རིགས་འབྲེལ་གྱི་ཕུན་སུམ་ཚོགས་པའི་སློབ་ཚན་དང་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ཏེ། ཕྲུ་གུ་ཚོས་སྤྲོ་ཉམས་ལྡན་པའི་ཁྲོད་གསར་བརྗེའི་མེས་པོ་ཚོའི་དཔའ་ངར་གྱི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ཤེས་རྟོགས་གཏིང་ཟབ་བྱེད་དུ་བཅུག་པ་རེད།

གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ལྷག་པ་དོན་གྲུབ་ཀྱིས་སེམས་འགུལ་ཆེན་པོས་བཤད་རྒྱུར། “ ད་ཐེངས་ནི་ང་གནམ་གྲུར་བསྡད་ནས་ཐག་རིང་ལ་འགྲོ་བ་ཐེངས་དང་པོ་ཡིན་པས། ང་རང་ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། ཕྱིར་ལོག་རྗེས་ངས་རང་ཉིད་ཀྱི་མཐོང་ཐོས་རྣམས་སློབ་གྲོགས་དང་དགེ་རྒན་ལ་མཉམ་སྤྱོད་བྱེད་ཀྱི་ཡིན། ”

“ནམ་རྒྱུན་ང་ཅུང་ཁ་སྦུག་དོག་པོ་ཡིན་མོད། འོན་ཀྱང་ད་ཐེངས་ངས་རང་ཉིད་སྔར་ལས་བརྒལ་ནས་བྱ་དངོས་གསར་པ་མང་པོ་ཞིག་དང་གྲོགས་པོ་གསར་པ་མང་པོ་དང་ངོ་ཤེས་ཆགས་ཡོད་པས། མ་འོངས་པར་ངས་ངེས་པར་དུ་སློབ་སྦྱོང་ཧུར་ཐག་བྱས་ཏེ་ནང་སར་རྒྱུགས་ལོན་པར་བརྩོན་ལེན་བྱས་ནས་མེས་རྒྱལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མྱོང་ཚོར་བྱེད་རྒྱུ་ཡིན་”ཞེས་བཞད་མཐོང་སྨོན་རྫོང་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་པད་མ་ལྷ་མོས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེའི་དམིགས་ཡུལ་ནི་བོད་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སྔར་ལས་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། མི་རིགས་ལྟ་བ། རྒྱལ་ཁབ་ལྟ་བ། རིག་གནས་ལྟ་བ་བཅས་ཁྲིད་སྟོན་བྱས་ནས་ཁོང་ཚོའི་རྒྱལ་གཅེས་ཀྱི་སེམས་ཤུགས་དང་མི་རིགས་ཀྱི་སྤོབས་པར་སྐུལ་སྤེལ་བྱ་རྒྱུ་དེ་ཡིན་པས། གོམ་སྟབས་རྗེས་མར་བོད་ཀྱི་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་ཕུན་སུམ་ཚོགས་པའི་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་དང་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博