http://zw.xzqnb.cn/Content/weixinlogo.png
ཉེ་ཆར། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི
http://zw.xzqnb.cn/m/content/2025-06/06/001222.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

འབྲུ་རིགས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་བྱེད་སྒོ་སྤེལ་བ།

རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གེགས་ཁུལ་གྱི་བྱིས་པར་གཅེས་སྐྱོང་མཚོན་པར་བྱས་པ།

ཀྲུང་གོའི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུའི་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲིའི་འཁྲབ་སྟོན་ལྷ་སར་འཚོགས་པ།

等待处理…

རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས།

འབྲུ་རིགས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

2025年06月06日

ཉེ་ཆར། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས“ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་ཆེ་རུ་བཏང་ནས་འབྲུ་རིགས་གྲབས་གསོག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དུ་འབྲུ་རིགས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་ཞིང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་། འཕྲིན་ཐུང་བརྒྱུད་སྤེལ། དམངས་ཕན་འགྲེམས་ཚོང་སོགས་ཀྱི་རྣམ་པ་བརྒྱུད“ཚན་རྩལ་དང་འབྲུ་རིགས་བདེ་འཇགས་ཟུང་དུ་འབྲེལ་བའི”ཤེས་བྱ་དང་དངོས་ཕན་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་བ་རེད།

ཟླ་5ཚེས་29ཉིན། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྲོང་ཤར་ཝན་ཏ་ཐང་ཆེན་དང་འབྲུ་སྣུམ་སྡེབ་སྐྱེལ་ལྟེ་གནས་སུ་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ཚན་རིག་ཁྱབ་གདལ་འགྲེམས་སྟོན་དང་ཐོན་རྫས་འགྲེམས་ཚོང་སོགས་ནང་དོན་མང་པོ་བཀོད་སྒྲིག་བྱས་ཡོད། ལས་དོན་མི་སྣས་མང་ཚོགས་ལ་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཆུང་གཏོང་གི་སྐོར་དང་། འབྲུ་རིགས་སྐོར། ཞིང་དུད་ཀྱི་ཚན་རིག་དང་མཐུན་པའི་འབྲུ་རིགས་གྲབས་གསོག་སྐོར་སོགས་ཀྱི་ནང་དོན་ཚུད་པའི་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་། ཚན་རིག་དང་མཐུན་པའི་འབྲུ་རིགས་གྲབས་གསོག་དང་། བདེ་ཐང་བཟའ་བྱ། འཕྲལ་སྡོམ་གྲབས་གསོག་སོགས་ཀྱི་ཤེས་བྱར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ད་དུང་ངང་རྒྱུད་རིང་པོས་བློ་འདྲི་སྣ་ཚོགས་ལ་ལན་བཏབ་ཡོད། འབྲུ་སྣུམ་འགྲེམས་ཚོང་ཁུལ་དུ་སྤུས་ལེགས་ཀྱི་འབྲུ་སྣུམ་ཐོན་རྫས་མང་པོ་དམངས་ཕན་གྱི་རིན་གོང་ལ་བརྟེན་ནས་བཙོངས་པར་གྲོང་མི་མང་པོས་ཚ་ཚ་འུར་འུར་དུ་ཉོས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་ལག་དེབ་5500ལྷག་ཙམ་དང་དྲིལ་བསྒྲགས་དྲན་རྟེན་དངོས་པོ་1000ལྷག་ཙམ་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་དོགས་འདྲི་100ལྷག་ཙམ་ལ་ལན་བཏབ་པ་རེད།

ལྷག་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博