http://zw.xzqnb.cn/Content/weixinlogo.png
ན་ནིང་། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུ
http://zw.xzqnb.cn/m/content/2025-06/06/001220.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གཞི་རིམ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།

རང་ལྗོངས་ཀྱི་ས་གནས་ཁག་གི་ལོ་ཆུང་བྱིས་པས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དགའ་གཏོང་བྱས་པ།

等待处理…

གཞི་རིམ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།

གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་སྐོར་བཀོད་པ།

2025年06月06日

ན་ནིང་། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འགན་འཁྲི་གཙང་སྒྲུབ་དང་འགན་ཁུར་ལས་སྒྲུབ་བྱས་ཤིང་། གཞི་རིམ་གྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བྱས་རྗེས་ཧུར་ཐག་བཞག་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་སྔར་བས་ནན་པོ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གངས་ལྗོངས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ་རེད།

མཁར་རྫོང་སྲ་བརྟན་དུ་བཏང་བ།

དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི་ས་བབ་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེན་པོ་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི“གུར་ནང་གི་ཏང་ཀྲི་པུའུ”ཞིག་ཡིན་ཞིང་། གནས་སྐབས་ཏང་ཀྲི་པུའུ་དེས་ལོ་ལྟར་ཡུལ་སྐོར་བ་མང་བའི་དུས་སུ་ས་ཆ་འདི་གར་བཅའ་སྡོད་བྱས་ནས་འཕྲལ་སྡོམ་རོགས་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད།

ཏང་ཡོན་གཅིག་ནི་དར་ཆ་ཞིག་རེད། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གྲོང་ཚོའི་ལས་བྱེད་པ་1714སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་གསོ་སྦྱོང་བྱས་པ་དང་། གྲོང་ཚོའི་ལས་བྱེད་པ་གཙོ་བོ་85བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་སྦྱོང་བརྡར་ལ་མངགས་པ་རེད། གཞན་ཡང་གྲོང་ཚོ་རིམ་པའི་སྣེ་ཁྲིད་པའི་དཔུང་ཁག་གི་རྗེས་གྲབས་སྟོབས་ཤུགས་སྐྱེད་སྲིང་གི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱས་ནས་མི་3546ཡོད་པའི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་རྗེས་གྲབས་སྟོབས་ཤུགས་མཛོད་བསྐྲུན་པ་དང་། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་བའི་འཛིན་གྲྭ་མུ་མཐུད་གཉེར་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་580ཡི་སློབ་རྒྱུས་མཐོར་གཏོང་ལ་རྒྱབ་སྐྱོར་བྱས་པ་རེད།

གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང“ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཆ་སྒྲིག་མཉམ་སྐྲུན་གྱི་ལས་འགན་གཏིང་ཟབ་ཏུ་བཏང་བ་དང་། རྒྱལ་སྒོའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་བྱས་ཏེ། སྐྱིད་གྲོང་དང་། འགྲམ། ལེགས་རྩེ་བཅས་རྒྱལ་སྒོ་3གྱི་ཏང་འཛུགས་སྐྱོང་གཞི་གཅིག་ཅན་གྱི་ཏང་ཨུད་ཆེན་པོ་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་བཏང་བ་རེད།

དམངས་འཚོར་ཞབས་འདེགས་ཞུས་པ།

གཉའ་ནང་རྫོང་སྤོ་རོང་ཤང་བེ་རྩེ་གྲོང་ཚོའི་ཏང་ཡོན་དང་བླངས་རུ་ཁག་གིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། གྲོང་ཚོའི་འགྲོ་ལམ་དང་། སྤྱི་པའི་འདུ་འཛོམས་ཁུལ། འཕྲོད་བསྟེན་གྱི་ཁུག་ཀྱོག་སོགས་ལ་ཁྱོན་ཡོངས་ནས་གཙང་སེལ་བྱས་པ་མ་ཟད། གྲོང་མིར་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། ཁོང་ཚོར་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལས་དོན་ནང་ཧུར་ཐག་ཞུགས་པར་སྐུལ་ལྕག་བྱས་པ་རེད། ཁོང་ཚོ་ནི་སྲིད་ཇུས་ཀྱི“སྐད་དུང”རེད་ལ་དེ་བས་ཀྱང་དམངས་འཚོའི“ཞབས་འདེགས་རུ་ཁག”རེད།

ན་ནིང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་18དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་(ལས་དོན)ཨུད་ཀྱི་ཧྲུའུ་ཅི་6གིས་རང་འགུལ་ངང་གཞི་རིམ་ཏང་འཛུགས་སྐྱོང་གི“ཧྲུའུ་ཅིའི་རྣམ་གྲངས”རྩིས་བླངས་པ་མ་ཟད། ཤང་དང་གྲོང་རྡལ་གྱི(ཁྲོམ་གཞུང)ཏང(ལས་དོན)ཨུད་ཀྱི་ཧྲུའུ་ཅི་206དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་1632ཀྱིས“ཧྲུའུ་ཅིའི་རྣམ་གྲངས”རྩིས་ལེན་རྒྱུར་མིག་དཔེ་བསྟན་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་དང་དཀའ་གནད་སེལ་བར་སྐུལ་འདེད་བཏང་བ་རེད།

ན་ནིང་བསམ་གྲུབ་རྩེ་ཆུས་སུ་སྡེ་ཁུལ་བཅོས་སྐྱོང་གི་Vས་ཚིཌ་3དང་སྦར་མཐིལ་སྡེ་ཁུལ(རིག་ལྡན་སྡེ་ཁུལ)18བསྐྲུན་པ་དང་། “རྒན་གཅིག་བྱིས་གཅིག”ཉིན་མོའི་ལྟ་སྐྱོང་ཁང་206བསྐྲུན་ཞིང་། གྲོང་ཚོ་རིམ་པའི“ཁྲུས་ཁང་ཆུང་ངུ”806སྒྱུར་བཀོད་དང་རིམ་སྤོར་བྱས་པ་རེད།

དར་རྒྱས་གོང་འཕེལ་བཏང་བ།

གྲོ་མོ་རྫོང་བང་མདའ་གྲོང་ཚོར་བསྐྱོད་པ་ན། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་བོད་ལུགས་སྤྲོ་ཁང་སྟར་ཆགས་སུ་བསྐྲུན་འདུག བང་མདའ་གྲོང་ཚོའི་ཏང་ཀྲི་པུས་གྲོང་མིའི་སྣེ་ཁྲིད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཡུལ་དེ་གའི་ཐོན་ཁུངས་སྔོག་འདོན་དང་བསྡུ་སྒྲིལ་གཏིང་ཟབ་བྱས་པ་བརྒྱུད། ཐུན་མོང་མ་ཡིན་པའི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་གསར་སྤེལ་བྱས་པས་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།

དཔལ་འབྱོར་འཕེལ་རྒྱས་ནི“དམངས་འཚོའི་འབྱུང་ཁུངས”རེད། པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་གྱིས་ས་ཁོངས་ཀྱི་བཀག་རྒྱ་བསལ་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་བ་དང་། སྔོ་ཚལ་བཏབ་མྱོང་ཡོད་པའི་གྲོང་ཚོ་4ལ་གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད་འཛུགས་པར་སྐུལ་འདེད་བཏང་སྟེ། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད+མཉམ་ལས་ཁང་གིས་གཉེར་སྐྱོང+ཏང་ཡོན་གྱིས་སྣེ་ཁྲིད+ཞིང་དུད་ཞུཌ་པ”བཅས་ཀྱི་བྱེད་སྟངས་བརྒྱུད། པ་སྣམ་རྫོང་བཀྲ་ཤིས་གླིང་ཞིང་འཕྲུལ་ཞབས་ཞུའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་བཏང་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་བྱས་པ་རེད། མཉམ་ལས་ཁང་དེ་བཙུགས་ཚུན། ཡོང་འབབ་སྒོར་ཁྲི་696བྱུང་བ་དང་སྔ་རྗེས་སུ་མང་ཚོགས་ལ་སྒོར་ཁྲི་144བགོ་འགྲེམས་བརྒྱབ་པ་རེད།

2024ལོར། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུཌ་ཆེན་བཏང་བ་དང“གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད”75སྲ་བརྟན་དང་མཐོར་འདེཌ་བྱས་པས། གྲོང་ཚོ་1253གྱི་མཉམ་སྡེབ་དཔལ་འབྱོར་གྱི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་5ཡན་ཟིན་ཡོད་པ་རེད།

བསོད་བདེ་ཆེ་བ་དང་གནམ་ཕྱུག་རྒྱལ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博