http://zw.xzqnb.cn/Content/weixinlogo.png
ཉེ་ཆར་སྡེ་ཚོགས་ཉིང་ཁྲི་གྲོང་ཨུད་དང་ཉིང་ཁྲི་གྲོང་ཁྱེར་གཞོན་ནུ
http://zw.xzqnb.cn/m/content/2025-05/02/001168.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

“ང་རང་ནང་ས་ནས་ཡོང་ནའང་ས་མཐོའི་ཕྲུ་གུ་ཞིག་ཡིན”

བོད་ལྗོངས་ལྷོ་ཁའི“ཉི་འོད་གློག་བརྙན་ཁང”གིས་དམིཌ་བསལ་སློབ་གྲྭའི་ཕྲུ་གུ་ཚོར་དྲོ་སྐྱིད་སྦྱིན་པ།

“གསར་གཏོད་བཞི་ལ་འདྲི་འཚོལ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཚོར་ཤེས། དུས་རབས་གསར་པའི་གཞོན་ནུ་བཟང་པོར་བརྩོན་ལེན།”ཅེས་པ་ཉིང་ཁྲི་གྲོང་ཁྱེར་གྱིས་སྐེ་དར་དམར་པོའི་ཞིབ་འཇུག་སློབ་སྦྱོང་དང་འདྲི་འཚོལ་བྱེད་སྒོ་སྤེལ་བ

等待处理…

“གསར་གཏོད་བཞི་ལ་འདྲི་འཚོལ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཚོར་ཤེས། དུས་རབས་གསར་པའི་གཞོན་ནུ་བཟང་པོར་བརྩོན་ལེན།”ཅེས་པ་ཉིང་ཁྲི་གྲོང་ཁྱེར་གྱིས་སྐེ་དར་དམར་པོའི་ཞིབ་འཇུག་སློབ་སྦྱོང་དང་འདྲི་འཚོལ་བྱེད་སྒོ་སྤེལ་བ

2025年05月02日

ཉེ་ཆར་སྡེ་ཚོགས་ཉིང་ཁྲི་གྲོང་ཨུད་དང་ཉིང་ཁྲི་གྲོང་ཁྱེར་གཞོན་ནུ་ལས་དོན་ཨུ་ལྷན་དང་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས། སྡེ་ཚོགས་སྨན་གླིང་གྲོང་ཨུད། སྡེ་ཚོགས་བྲག་ཡིབ་གྲོང་ཨུད་བཅས་མཉམ་འབྲེལ་ཐོག་“གསར་གཏོད་བཞི་ལ་འདྲི་འཚོལ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཚོར་ཤེས། དུས་རབས་གསར་པའི་གཞོན་ནུ་བཟང་པོར་བརྩོན་ལེན་”ཅེས་པའི་ཉིང་ཁྲི་གྲོང་ཁྱེར་གྱིས་སྐེ་དར་དམར་པོ་ཞིབ་འཇུག་སློབ་སྦྱོང་དང་འདྲི་འཚོལ་བྱེད་སྒོ་སྒྲིག་འཛུགས་བྱས་པས། གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་དང་དེ་བཞིན་སྨན་གླིང་རྫོང་ནས་ཡོང་བའི་གཞོན་ནུ་སྔོན་ཐོན་རུ་མི། སྡེ་ཚོགས་ཉིང་ཁྲི་གྲོང་ཁྱེར་ཨུ་ལྷན་གྱི་ལས་དོན་མི་སྣ་དང་བྱེད་སྒོའི་སྣེ་ཁྲིད་དགེ་རྒན་བཅས་ཁྱོན་མི་80བྱེད་སྒོར་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ནང་དོན་ནང་སྨན་གླིང་རྫོང་གི་རྒྱལ་གཅེས་རིང་ལུགས་ཀྱི་འབྲོག་ཁང་དམར་པོའི་ཁང་ཆུང་གི་སློབ་གསོའི་རྟེན་གཞི་དང་། སྨན་གླིང་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སློབ་གསོ་ཉམས་ལེན་ཁང་ལ་ལྟ་སྐོར་དང་། དེ་བཞིན་སྨན་གླིང་གྲངས་འཛིན་གློག་བརྙན་གྲོང་དུ་རྒྱལ་གཅེས་རིང་ལུགས་ཀྱི་གློག་བཪྙན་པར་གཞི་《གཞོན་ནུ་གདོང་ལེན་པ་》ཞེས་པ་གཅིག་སྡུད་ཐོག་བལྟས་པ་རེད།

“རི་མོ་དང་ཡི་གེའི་འགྲེམས་སྟོན་གྱི་པང་ལེབ་བརྒྱུད། དངོས་ཟོག་གི་འགྲེམས་སྟོན་དང་མཉམ་འགུལ་སྤེལ་རེས་བཅས་ཀྱི་ཐོག་ནས་ངས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་འཕེལ་རྒྱས་རྐྱེན་རྩ་ཤེས་རྟོགས་བྱུང་ལ། མི་རིགས་གང་ཞིག་ཡིན་རུང་ང་ཚོ་ཚང་མ་‘ཁྱིམ་ཚང་གཅིག་’ཡིན་པ་ཤེས་བྱུང་”ཅེས་གཞོན་ནུ་སྔོན་ཐོན་པ་ཚེ་རིང་དོན་གྲུབ་ཀྱིས་བཤད།

སྡེ་ཚོགས་ཉིང་ཁྲི་གྲོང་ཁྱེར་ཨུ་ལྷན་གྱི་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བརྩིས་ནས་དེ་ལས་མང་ལ་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་ཚོ་“འགྲོ་སྐྱོད་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་”ནང་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་ཐུབ་པ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博