ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ཏང་གི་སློབ་གྲྭའི་ལས་དོན་སྤྱི་ཡོངས་ ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། ཏང་གི་སློབ་གྲྭའི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
ཟླ་4ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་བརྟག་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་མ་དང་། དགེ་རྒན། ལས་བཟོ་བཅས་ཀྱི་འཐུས་མི་དང་བཞུགས་མོལ་ཡང་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཟླ་4ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་བརྟག་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་མ་དང་། དགེ་རྒན། ལས་བཟོ་བཅས་ཀྱི་འཐུས་མི་དང་བཞུགས་མོལ་ཡང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ཏང་གི་སློབ་གྲྭའི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། ཏང་གི་སློབ་གྲྭའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། ཅང་ཝུན་ཕེང་བཅས་ཞུགས་པ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ལས་དོན་སྙན་སེང་དང་སློབ་མ་དང་། དགེ་རྒན། ལས་བཟོ་བཅས་ཀྱི་འཐུས་མིའི་གཏམ་བཤད་གསན་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རྒྱ་ཆེའི་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། བེད་སྤྱོད་བཅས་ཡག་པོ་བྱས་ནས་དེའི་ཚན་རིག་མ་ལག་དང་སྙིང་དོན་གཙོ་བོ་མཐའ་གསལ་མཐིལ་རྟོགས་ཐུབ་པ་བྱེད་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཁྲོད་དྲིལ་བསྒྲགས་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་སྒོ་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཐུབ་པ་བྱེད་དགོས་ཤིང་། ལྷག་བསམ་རྣམ་དག་བྱ་རྒྱུ་དེ་གཤིས་རྒྱུད་ཅིག་ལ་བརྩིས་ནས་ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་རང་རྟོགས་ངང་ལྷག་བསམ་རྣམ་དག་བྱེད་དགོས་པ་དང་། སྤྱོད་གཙང་བྱ་རྒྱུ་དེ་བསམ་བློ་གཏོང་ཕྱོགས་ཤིག་ལ་བརྩིས་ནས་མི་སྤྱོད་གཙང་དང་། བྱ་བ་གཙང་སྒྲུབ། དཔོན་སྲིད་གཙང་ཞིག་བྱེད་དགོས། འགན་འཁུར་ཕོད་པ་དེ་འགན་འཁྲི་ཞིག་ལ་བརྩིས་ནས་ཏང་འཛུགས་སྤྱི་ཕན་དང་། ལྷོད་མེད་ལས་སྒྲུབ། དམ་པ་དོན་གཉེར། ལས་གཅེས་ལས་བཀུར་བཅས་བྱེད་དགོས། ལས་བྱེད་པ་འདེམས་བསྐོ་ཡག་པོ་དང་། བེད་སྤྱོད་ཡག་པོ། དོ་དམ་ཡག་པོ་བཅས་བྱེད་དགོས་ཤིང་། ཕྱོགས་ཡོངས་དང་། ལོ་རྒྱུས། དོན་དངོས་བཅས་ཀྱི་ཐོག་ནས་ལས་བྱེད་པར་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་དང་ལས་གནས་དང་ལས་ཀ་འཚམ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པ་བེད་སྤྱོད་འོས་འཚམ་དང་གང་དེའི་ཁྱད་ཡོན་འདོན་སྤེལ་བྱས་ནས་རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། “སྲུང་སྐྱོང་གཉིས”ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་སྒྲིག་སྲོལ་དུ་བརྩི་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ཚན་རིག་དང་མཐུན་པའི་ཐབས་ཇུས་གཏན་འབེབས་བྱེད་ནུས་ཆེ་རུ་གཏོང་བ་དང་། རྩོད་སྒྲུབ་ཀྱིས་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་མཁས་པོ་བྱེད་པ། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་ནས་ལས་དོན་སྤེལ་མཁས་པོ་བྱེད་པ། ཉེན་ཁ་ཆེ་རིགས་སྔོན་དཔག་དང་། སྔོན་འགོག ཐག་གཅོད་བཅས་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། བརྟག་དཔྱད་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་བ་དང་། “གཤམ་སྤེལ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གནས་ཚུལ་རྙོག་འཛིང་ཆེ་བ་དང་། མང་ཚོགས་ཀྱི་བསམ་འཆར་མང་བ། ལས་ཀའི་རྣམ་པ་གསར་པ་གཏོད་མི་ཐུབ་པ་བཅས་ཀྱི་གནས་སུ་མང་ཙམ་བསྐྱོད་དེ། དོན་དངོས་དང་མཐུན་པའི་ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་བཏོན་ནས་ལས་དོན་དོན་འཁྱོལ་ལ་སྔར་བས་སྐུལ་འདེད་ཡག་པོ་གཏོང་དགོས། མང་ཚོགས་ཀྱི་ལས་ཀ་བྱེད་ནུས་ཆེ་རུ་གཏོང་བ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་ངང་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིགས་དང་དབྱེ་ཞིབ་བྱེད་པ། བརྩེ་བ་ཟབ་མོས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འགན་འཁུར་ལས་སྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། འགན་འཁྲི་སེམས་སུ་འཆང་བ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། འགན་འཁྲི་ལག་ལེན་དུ་འཁྱོལ་བ། གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་ཏན་ཏིག་སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་ཐོག་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ལས་འགན་ཁག་བགོས་ཀྱི་ལས་དོན་ལག་ཏུ་དམ་པོར་བཟུང་བ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ། བཤད་པ་ཙམ་གྱིས་དེ་བསྒྲུབས་པར་བརྩི་བ་དང་ཏོག་ཙམ་བསྒྲུབས་པ་ཡོད་ཚད་བསྒྲུབས་པར་བརྩི་བ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་འདོགས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་སློབ་གསོ་གསོ་སྦྱོང་དང་ཚན་ཞིབ་སྲིད་སྐྱོང་ཏན་ཏིག་ནུས་ལྡན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་གི་འདོད་ཚུལ་དྲིལ་བསྒྲགས་བྱེད་པ་དང་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གྲྭའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། ཏང་ལ་ཤེས་ལྡན་པ་གསོ་སྐྱོང་མཐའ་འཁྱོངས་བྱེད་དགོས་ཤིང་། ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཏང་ཡོན་གྱི་སློབ་གསོའི་སྐོར་སྦྱོང་ལས་དོན་སྤེལ་བ། གསོ་སྦྱོང་གི་ཕན་ནུས་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཏང་ལ་ཇུས་འབུལ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་གི་དགོས་མཁོ་དང་། སྲིད་སྐྱོང་གི་ཁ་ཕྱོགས། དམངས་ཀྱི་རེ་སྒུག་བཅས་ལ་དམིགས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འགྲེལ་བཤད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི“མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་ཀྱི་གནད་དོན་ལ་དམིགས་པ། སྤུས་ཚད་མཐོ་བའི་ཞིབ་འཇུག་འབྲས་བུ་དེ་བས་མང་བ་ཐོབ་པ་བཅས་བྱས་ནས་ཚན་ཞིབ་སྲིད་སྐྱོང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། སློབ་གྲྭར་བཅོས་སྐྱོང་ནན་པོ་དང་སྤུས་ཚད་མཐོ་པོས་སློབ་གྲྭ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དགེ་རྒན་གྱི་སྤྱོད་ལམ་དང་སྤྱོད་ཚུལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་མར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་མ་དང་། དགེ་རྒན། སློབ་གྲྭ་བཅས་ཀྱི་སྲོལ་བཟང་ལ་བརྟེན་ནས་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་འགན་ལེན་བྱེད་དགོས། ཤེས་ལྡན་པའི་སློབ་གྲྭ་སྟོབས་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་རྒྱ་སྐྱེད་གཏིང་ཟབ་གཏོང་བ། སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། “གང་ཆད་དེ་གསབ”ཀྱི་རྩ་དོན་གཞིར་འཛིན་པ། ཡུལ་བབ་དང་བསྟུན་པ་དང་སོ་སོའི་དགེ་མཚན་ལ་གཞིགས་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་སྟོབས་ཆེ་བ་དང་། དད་སེམས་བརྟན་པ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་དྲང་བ་བཅས་ཀྱི་ཏང་གི་སློབ་གྲྭའི་དགེ་རྒན་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཏང་གི་སློབ་གྲྭའི་ལས་དོན་སྤེལ་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
སྤེན་ཚེ་དང་སྐལ་མཆོག་གིས་བསྒྱུར།