http://zw.xzqnb.cn/Content/weixinlogo.png
བོད་ལྗོངས་དིང་རི་ནི་བོད་ཀྱི་ལྷོ་ནུབ་ཏུ་ཧི་མ་ལ་ཡའི་རི་རྒྱུད་ད
http://zw.xzqnb.cn/m/content/2025-03/21/001103.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

“ཁྲིམས་ལུགས་འཆད་ཁྲིད”ཀྱི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ན་ནིང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་4047ལྗོངས་ཕྱིར་ལས་ཞུགས་ཐུབ་པ།

བོད་ཀྱི་ཞིང་ཐང་གང་སར་གཉའ་གཅོག་གི་མཛད་སྒོ་གཟབ་རྒྱས་འཚོགས་པ།

ཡ་ང་བའི་རང་བྱུང་གནོད་འཚེ།

ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2025ལོའི་ལོ་འཁོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།

等待处理…

ཡ་ང་བའི་རང་བྱུང་གནོད་འཚེ།

2025年03月21日

བོད་ལྗོངས་དིང་རི་ནི་བོད་ཀྱི་ལྷོ་ནུབ་ཏུ་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་བཅའ་ཞིང་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་བཞི་སྟོང་ལྔ་བརྒྱ་ཡན་ཟིན་པའི་བོད་ཀྱི་ལྷོ་ནུབ་ཁུལ་གྱི་ཡུལ་གྲུ་ཞིག་ཡིན་ཅིང་། ཡུན་རིང་ལོ་ཟླའི་ནང་བྱུང་མ་མྱོང་བའི་ཚབས་ཆེའི་ས་ཡོམ་གནོད་འཚེ་ཤུགས་ཆེན་བྱུང་སྟབས། དེ་ནི་སའི་གོ་ལ་ཧ་ལམ་སྨྱོ་བ་ལྟར་གྱི་གདུག་རྩུབ་དང་། ཤུགས་དྲག་ལ་བརྟེན་ཏེ་གཙང་ཕྱོགས་དིང་རིའི་ཡུལ་དུ་བསམ་ཡུལ་ལས་འདས་པར་སྤྱང་ཀི་ཤ་ལ་རྔམ་པ་ལྟར་དང་། སྟག་གཟིག་ཡུན་རིང་ཟས་ལྟོ་དང་བྲལ་བ་ལྟར་དིང་རིའི་ཡུལ་དུ་བདེ་སྐྱིད་ལྡན་པའི་མི་ཡུལ་གྱི་ཁྱིམ་གཞིས་འདི་སྐད་ཅིག་ཉིད་དུ་ཐོར་ཞིག་ཏུ་བཏང་།

དོན་རྐྱེན་འདི་ཡི་ཁྲོད་འཇིགས་སྣང་དང་དངངས་སྐྲག་ཤི་གསོན་ཧ་གོ་མ་ཤེས་པའི་གནས་སུ་གྱར། བསམ་རྒྱུ་དང་དྲན་རྒྱུ་སོགས་ཀྱི་བསམ་བློ་གཏོང་ཁོམ་མེད་པར་ཛ་དྲག་གི་ཞོགས་པ་ཞིག་ལ་དིང་རི་ཡི་མགོ་ཐོག་ཏུ་ལྷུང་། རྔུལ་ཆུས་བསྐྲུན་པའི་ཁྱིམ་གཞིས་འདི་ཡུད་ཙམ་ལ་ཐལ་རྡུལ་དང་། ས་རོ་རྡོ་རོར་གྱུར་བའི་མི་མེད་ལུང་སྟོང་གི་གྱང་རུལ་ལྟ་བུར་གྱུར།

སྙིང་རྗེ་དང་བྲལ་ཞིང་ཡ་ང་བའི་ད་ཐེངས་ཀྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་ཚད་དང་རྨས་སྐྱོན་ཤོར་བ་མང་ཡང་། རླབས་ཆེན་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་རྗེའི་བཀའ་རྒྱ་དུས་ཐོག་ཏུ་ས་གནས་ས་ཐོག་ཏུ་འབྱོར་འཕྲལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་དཔུང་སྡེ་དང་། དཔོན་དམག་དེ་བཞིན་བོད་སྡོད་བཅའ་སྡོད་མེ་གསོད་རུ་ཆེན། རང་ལྗོངས་ཁུལ་གྱི་ལས་གནས་སྡེ་ཚན་གྱི་འགོ་ཁྲིད་དང་ལས་བྱེད་མི་སྣ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་འཕྱར་བ་གྲུ་འདེགས་ཐོག་གེགས་བར་གྱི་འཐབ་ས་དང་པོར་དཀའ་སྤྱད་དང་དུ་བླངས་ཏེ་གནོད་འཚེ་ཕོག་ཁུལ་དུ་ཕྱོགས་གང་སྤྱིར་ལས་འགན་འཕྲལ་སྒྲུབ་དང་། མང་ཚོགས་རྣམས་ཉེན་ཁའི་ས་ཆ་ལས་རྒྱང་དུ་གཡོལ་ཐབས་དང་། ཀྲུང་ཧྭའི་སྤྱི་མཐུན་འདུ་ཤེས་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཟབ་མོ་སྙིང་བཅངས་ཀྱིས་མི་དམངས་ཁྲི་སྟོང་མང་པོའི་ཚེ་སྲོག་དང་འཚོ་གནས་ཆེད་དུ་བླ་ན་མེད་པའི་ལེགས་སྐྱེས་ཀྱི་ལས་ལ་གཞོལ་ཡོད་པ་རེད།

ལྷག་པར་དུ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་བསམ་བློའི་བློ་འདྲི་དང་སེམས་གསོ་གཏོང་བ། སྟོབས་ཤུགས་ཀྱི་ནུས་པ་སྦྱིན་ཏེ་ཁོང་ཚོའི་བདེ་སྐྱིད་འཚོ་གནས་ལ་སྲ་བརྟན་དང་། གེགས་བར་ལས་རྒྱལ་ཐུབ་པའི་སྟོབས་ཤུགས་ཀྱི་དྲག་ཆས་སྤྲད་ཡོད། རང་བྱུང་གནོད་འཚེར་བྱམས་དང་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་བརྩེ་སེམས་ཡོད་ཅེས་པ་ལྟར། རླབས་ཆེན་རྒྱལ་ཁབ་ཀྱིས་རོགས་སྐྱོབ་ཡོད་པས་དིང་རི་ཚོ་སེམས་པ་མ་སྐྱོ། མིག་ཆུ་མ་གཏོང་། འཇིགས་སྣང་མ་བྱེད། ཡིད་ཐང་མ་ཆད། དཔའ་མི་ཞུམ། སྟོབས་ཆེན་རྒྱལ་ཁབ་དང་སྟོབས་ཆེན་གྱི་མི་དམངས་ཁྱེད་ཕྱོགས་ལ་འཕུར་ནས་ཡོད་པས་ང་ཚོ་མཉམ་དུ་དཀའ་ངལ་ལས་རྒྱལ་ཐུབ་ངེས་རེད།

བསོད་ནམས་བཀྲིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博