http://zw.xzqnb.cn/Content/weixinlogo.png
འདི་ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད
http://zw.xzqnb.cn/m/content/2024-12/13/000976.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གཡུལ་ས་གཙོ་བོའི་ལེགས་ཆ་བཏོན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་པ།

མདའ་རྩལ་འགྲན་པ།

等待处理…

བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞིས།

གཡུལ་ས་གཙོ་བོའི་ལེགས་ཆ་བཏོན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་པ།

2024年12月13日

འདི་ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞིར(གཤམ་དུ་རྟེན་གཞི་ཞེས་བསྡུ་རྒྱུ)“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པ་རེད།

“རྟེན་གཞིར་གཟེངས་བསྟོད་ཐོབ་པའི་གཏམ་བཟང་གོ་སྐབས་ང་ཚོ་དགའ་ཚོར་ཆེན་པོ་བྱུང་། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ཁང་གི་ཡོན་ཀྲང་དཔལ་ལྷུན་དགྲ་འདུལ་གྱིས་བོད་ལྗོངས་སློབ་ཆེན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལས་དོན་ཐད་བོད་ལྗོངས་སློབ་ཆེན་ལ་རང་བྱུང་གི་རིག་གནས་སྲོལ་རྒྱུན་དང་ལོ་རྒྱུས་ཡུན་རིང་ལྡན་ཡོད། དུས་ཡུན་རིང་པོའི་ནང་བོད་ལྗོངས་སློབ་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དཔེ་ཁྲིད་མི་སྐྱོང་དང་། ཚན་རིག་ཞིབ་འཇུག སྤྱི་ཚོགས་ཞབས་ཞུ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དང་ས་ཁུལ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལྗོངས་ཡོངས་ཀྱི“དོན་ཆེན་བཞིར”ཞབས་འདེགས་ཞུ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་ངོ་སྤྲོད་བྱས།

ཚན་ཞིབ་འགག་སྒྲོལ་ལ་བརྟེན་ནས་ལོ་རྒྱུས་དཔྱད་ཡིག་གི་ཕྱོགས་སྒྲིག་ལས་དོན་ལ་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་བ།

ཚན་རིག་ཞིབ་འཇུག་ཐད《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས•བོད་ལྗོངས་ལེའུ》ནི་རྟེན་གཞིས་མི་གླེང་ན་འགྲིག་ཐབས་མེད་པའི་བརྗོད་གཞི་ཞིག་རེད། རྟེན་གཞིའི་དབུ་བཞུགས་རིགས་གཅིག་མཁས་ཅན་ཐུབ་བསྟན་མཁས་གྲུབ་ཀྱིས་རྣམ་གྲངས་དེ་བརྩོན་ལེན་བྱ་ཆེད། རྟེན་གཞིས་འདས་ཟིན་པའི་ལོ་བཅུ་གྲངས་རིང་གི་འབྲེལ་ཡོད་གྲུབ་འབྲས་ལེགས་སྒྲིག་གང་ལེགས་བྱས་པ་མ་ཟད། དུས་འགོའི་ཡིག་ཐོག་སྙན་ཞུའི་ཐད་ལའང་གྲ་སྒྲིག་གང་ལེགས་བྱས་ཡོད། རིགས་གཅིག་མཁས་ཅན་གྱི་ཆེད་ལས་གྲུབ་ཆ་དང་། ཞིབ་འཇུག་ཁ་ཕྱོགས། ཚན་ཞིབ་གྲུབ་འབྲས་བཅས་དང་ཟུང་འབྲེལ་གྱིས་རྟེན་གཞིས《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས•བོད་ལྗོངས་ལེའུ》ནང་ཆིན་རྒྱལ་རབས་ནས་སུང་རྒྱལ་རབས་བར་དང་། ཡོན་རྒྱལ་རབས་ནས་མིང་རྒྱལ་རབས་བར། ཆིང་རྒྱལ་རབས་ནས་མི་སེར་རྒྱལ་ཁབ་བར་བཅས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཕྱོགས་སྒྲིག་ཚན་ཞིབ་ཚོགས་པ་གསུམ་བཙུགས་ཡོད། ཚོགས་པ་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པའི་གཏན་ཚིགས་དང་། འཕེལ་རྒྱས་ཀྱི་གཏན་ཚིགས། མཉམ་འདྲེས་ཀྱི་གཏན་ཚིགས་བཅས་ལ་གཞིགས་པ། “ཐུན་མོང་བཞི”ཁྲིད་སྟོན་དུ་བྱས་ཏེ་ཕྱོགས་མང་པོའི་ཐད་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དུས་སྐབས་ཁག་གི་ཚད་ལྡན་ཡིག་ཆ་ཡིག་འབྲུ་ཁྲི་སྟོང་ལྷག་ཙམ་ལྟ་ཀློག་དང་འཚོལ་བསྡུ་བྱས་པ་མ་ཟད། དྲ་ཐོག་དང་དྲ་ཕྱིའི་སྤེལ་རེས་དང་བགྲོ་གླེང་ཡང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྣམ་གྲངས་ཀྱི་གཙོ་སྒྲིག་གི་གྲས་ཤིག་ཡིན་པའི་དཔལ་ལྷུན་དགྲ་འདུལ་གྱིས་ཆིན་རྒྱལ་རབས་ནས་སུང་རྒྱལ་རབས་བར་གྱི་དེབ་གསུམ་གྱི་ལོ་རྒྱུས་དཔྱད་གཞི་ཕྱོགས་སྒྲིག་གི་ལས་ཀའི་འགན་འཁུར་བ་དང་ཁོང་གིས་དགེ་སློབ་ཚོའི་སྣེ་ཁྲིད་དེ་དཀའ་ཚེགས་ཆེ་བའི་ཚན་ཞིབ་འགག་སྒྲོལ་བྱས་པ་བརྒྱུད། འདི་ལོའི་ཟླ་3པར་གཅིག་གྱུར་མ་ཟིན་ཚང་མ་ལེགས་གྲུབ་བྱུང་བ་རེད།

དཔེ་ཁྲིད་མི་སྐྱོང་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

“རྒན་ཕུར་བུ་ཚེ་རིང་ནི་ངའི་རིག་གཞུང་ཐད་ཀྱི་ལམ་སྟོན་པ་ཞིག་ཡིན་ལ་ངའི་མི་ཚེའི་ཁྲོད་ཀྱི་མཛུབ་ཁྲིད་དགེ་རྒན་ཡང་ཡིན” 2015ལོར་བོད་ལྗོངས་སློབ་ཆེན་དུ་ལས་ཀ་བྱས་ནས་ལོ་3སོང་བའི་ཝང་ཧྲའོ་མིང་ནི་ཕུར་བུ་ཚེ་རིང་གིས་ཁྲིད་པའི་སྐབས་དང་པོའི་འབུམ་རམས་པའི་སློབ་མར་གྱུར་པ་དང་། ཁེངས་སྐྱུང་དང་གཟབ་ནན་གྱི་སློབ་སྲོལ་ནི་སློབ་དཔོན་གྱིས་ཝང་ཧྲའོ་མིང་ལ་བཞག་པའི་བག་ཆགས་དང་པོ་དེ་རེད།

རྒན་ལགས་ཀྱིས་ང་ཚོར་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་རྟག་ཏུ་སློབ་གསོ་རྒྱག་གི་ཡོད། ང་ཚོས་བརྟག་དཔྱད་ཞིབ་འཇུག་དང་དཔེ་ཁྲིད་མི་སྐྱོང་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཁོང་ཡངས་གཅིག་སྒྲིལ་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་ཤེས་རྟོགས་ཐུབ་པ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་གི་ཡིན་ཞེས་ཝང་ཧྲའོ་མིང་གིས་བརྗོད།

“མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེ་ཡིན་ལ་དེར་ལོ་རྒྱུས་ཀྱི་འབྱུང་ཁུངས་ཡོད”དཔལ་ལྷུན་དགྲ་འདུལ་གྱིས་1951ལོར་བཙུགས་པ་ནས་ད་བར་སློབ་གྲྭས་སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་སློབ་གསོར་མཐོང་ཆེན་བྱེད་པ་དང་ཆེད་དོན་ཚོགས་པ་སྒྲིག་འཛུགས་བྱས་ཏེ“བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས”ཞེས་པའི་སློབ་ཚན་བཀོད་སྒྲིག་བྱས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།

སྤྱི་ཚོགས་ཀྱི་ཞབས་ཞུར་དམིགས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་མཐུན་ཆ་ཆེ་ཤོས་བཏོད་པ།

“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དེ་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད”འདི་ལོའི་ཟླ་6པར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བའི“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད•གྲགས་ཅན་མཁས་དབང་གི་འཆད་སྟེགས”ཀྱི་བྱེད་སྒོ་ཐེངས་གཉིས་པ་བོད་ལྗོངས་སློབ་ཆེན་དུ་སྤེལ་ཞིང་། བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སློབ་སྤྱི། རྟེན་གཞིའི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཅིན་ཡུང་པིང་གིས་གཏམ་བཤད་སྤེལ་མཁན་སྐུ་མགྲོན་གྱི་ངོས་ནས“བོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དང་ཕུགས་བསམ”བརྗོད་དོན་གཙོ་བོར་བྱས་ཏེ། “ཡོངས་ཁྱབ་ཀྱི་ཆོས་ཉིད་གཅིག”དང་། “དམིགས་བསལ་གྱི་ཆ་ཤས་གཅིག” “རྩ་བའི་བྱེད་པོ་གཅིག” “ལག་ལེན་གྱི་ཐབས་ལམ་གཅིག” “བློ་སྒོ་གལ་ཆེན་གཅིག”སོགས་ལ་དམིགས་ནས་ངོ་མཚར་ཆེ་བའི་གཏམ་བཤད་བྱས་པ་རེད།

“རྟེན་གཞི་བཙུགས་པ་ནས་བཟུང་། རང་ངོས་ཀྱི་ལེགས་ཆ་ཧུར་ཐག་བཏོན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས། སྔ་རྗེས་སུ་རང་སྐྱོང་ལྗོངས་རྟེན་མཛོད་ཁང་སོགས་ལྗོངས་ཕྱི་ནང་གི་ཚན་པ་7དུ‘བོད་ལྗོངས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞིའི་ཞིབ་སྦྱོང་རྟེན་གཞི’ཞེས་པའི་སྒོ་བྱང་བཀལ་བ་དང་། སློབ་ཕྱིའི་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་བསྐྲུན་ཡོད”ཅེས་ཐུབ་བསྟན་མཁས་གྲུབ་ཀྱིས་བརྗོད།

དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ང་ཚོས་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཡུལ་ས་གཙོ་བོའི་ལེགས་ཆ་ཧུར་ཐག་བཏོན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་རྒྱུ་དེ་དཔེ་ཁྲིད་མི་སྐྱོང་དང་། ཚན་རིག་ཞིབ་འཇུག སྤྱི་ཚོགས་ཞབས་ཞུ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ངར་སེམས་ཆེར་སྐྱེད་དང་འབད་བརྩོན་ལྷོད་མེད་ཀྱིས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་མཐུན་ཆ་ཆེ་ཤོས་ཡག་པོ་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ཞིག་རྩོམ་གྱི་ཡིན་ཞེས་ཅིན་ཡུང་པིང་གིས་བརྗོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博