ཟླ་11ཚེས་13ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རོལ་རྩེད་དགའ་ཚལ་བུ་བཅོལ་ཁང་གིས་སྟོན་བསྡུའི་ངལ་རྩོལ་དང་ལུས་རྩལ་བྱེད་སྒོ་ཟུང་འབྲེལ་བྱས་ཏེ“སྟོན་བསྡུ་དགུན་གསོག ལུས་རྩལ་མཉམ་རོལ”བརྗོད་དོན་གཙོ་བོར་བྱས་ནས། ཕ་མ་དང་བུ་ཕྲུག་མཉམ་ཞུགས་ཀྱི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་ཤིག་འཚོགས་ཤིང་། དེའི་དམིགས་ཡུལ་ནི་ཕྲུ་གུར་སོ་ནམ་རིག་གནས་ཐག་ཉེ་ས་ནས་མྱོང་རོལ་དང་ཞིང་ལས་ཐོན་རྫས་དེ་བས་མང་བ་ཤེས་རྟོགས་ཐུབ་པར་བྱས་ནས། ཕ་མ་དང་བུ་ཕྲུག་མཉམ་དུ་ལོ་ལེགས་ཀྱི་དགའ་སྣང་དང་ལུས་རྩལ་གྱི་སྤྲོ་སྣང་ཚོར་བར་བྱས་ཡོད། འདི་ནི་བུ་ཕྲུག་དང་ཕ་མ་མཉམ་དུ་འཁོར་ལོ་སྐོར་བའི་འགྲན་བསྡུར་ནང་ཞུགས་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།