འདི་ནི་ཟླ་10ཚེས་1ཉིན་གྱི་སྔ་དྲོར། “རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་ཡོང་བར་ང་ཡིས་འབད”ཅེས་པའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་བྱས་པ།
ཟླ་10ཚེས་1ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”བརྗིད་ཆེའི་མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་མཉམ་དུ་ཀྲུང་གོ་གསར་པར་གུས་བསྟོད་དང་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་བོད་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།
དུས་ཆེན་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཛེས་སྡུག་ལྡན་པའི་མེ་ཏོག་རབ་ཏུ་བཞད་ཅིང་གང་སར་དགའ་སྤྲོའི་རྣམ་པས་ཁེངས་པ་དང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ”ཞེས་པའི་སྦྱར་ཡིག་དེ་བས་མངོན་གསལ་དོད་པོ་ཡོད། སྔ་དྲོའི་ཆུ་ཚོད་10ཏག་ཏག་ལ་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དཔའ་ཉམས་དོད་པའི་རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་རྒྱལ་དར་སྒྲེང་སྟེགས་སུ་སྲུང་སྐྱེལ་བྱས། “ལོངས་ཤོག བྲན་གཡོག་བྱེད་མི་འདོད་པའི་མི་རྣམས། ང་ཚོའི་ཤ་ཁྲག་གིས་ང་ཚོའི་ལྕགས་རི་རིང་པོ་གསར་པ་བརྩིག་ཤོག”ཅེས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས། ས་གནས་ས་ཐོག་གི་ལས་རིགས་ཁག་གི་མི་སྣས་རྒྱལ་དར་ལ་མིག་འདུད་ཞུ་བ་དང་།
བརྩེ་བ་ཟབ་མོས་རྒྱལ་དར་ལ་ལྟ་བཞིན་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་ཏང་ལ་བླ་ན་མེད་པའི་གུས་འདུད་ཞུ་ལུགས་དང་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་པ་རེད།
ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ནི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡིན་པ་དང་སྐད་གསང་མཐོ་བའི་གླུ་སྒྲ་ནི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་དུང་བརྡ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ལ་བརྟེན་ནས་ཕུགས་འདུན་འགྲུབ་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་བརྩམས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བཤད་པ་རེད།
མཛད་སྒོར་ཞུགས་མཁན་གྱི་གྲས་སུ་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག དགེ་སློབ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ། གྲོང་མི་མང་ཚོགས། གྲྭ་བཙུན་བཅས་ཀྱི་འཐུས་མི་ཡོད་པ་རེད།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།