http://zw.xzqnb.cn/Content/weixinlogo.png
ཉེ་ཆར་གསར་འགོད་པས་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ
http://zw.xzqnb.cn/m/content/2024-08/30/000832.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཉིང་ཁྲིར་ས་མཐོའི་སྙིང་དང་ཁྲག་རྩའི་ནད་ཀྱི་ཞིབ་འཇུག་ཁང་བཙུགས་པ།

བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གྱི་གསོ་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པ་མཇུག་འགྲིལ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།

等待处理…

བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གྱི་གསོ་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

2024年08月30日

ཉེ་ཆར་གསར་འགོད་པས་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གྱི་གསོ་སྐྱོང་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོའི་ཟླ་12པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣ་ཁྲི་11.6ཟིན་པ་དེ་2010ལོ་ལས་120.1%འཕར་བ་དང་དེའི་ནང་མཐོ་རིམ་མི་སྣ་ཁྲི་1.37ཟིན་པ་དེ་2010ལོ་ལས་377.4%འཕར་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཁོངས་མི་ཐིང་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཧྲའོ་ཁྲང་གིས་ངོ་སྤྲོད་བྱས་དོན། བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དམིགས་བསལ་གསོ་སྐྱོང་ལས་དོན(གཤམ་དུ་བོད་ལྗོངས་དམིགས་བསལ་གསོ་སྐྱོང་ཞེས་བསྡུ་རྒྱུ)ནི་རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་སྲིད་ཇུས་སྤྱད་དེ་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་ཤེས་ལྡན་མི་སྣ་ནང་སའི་མཐོ་སློབ་དང་། ཚན་རིག་ཞིབ་འཇུག་ཁང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་དུས་ཡུན་ལོ་གཅིག་གི་དམིགས་བསལ་གསོ་སྐྱོང་བྱེད་པའི་འཆར་གཞི་ཡོད། བོད་ཀྱི་དམིགས་བསལ་གསོ་སྐྱོང་ནི་སློབ་མ་གསོ་སྐྱོང་དང་རིགས་གཅིག་མཁས་ཅན་ཞབས་ཞུའི་ཚོགས་པའི་བྱེད་སྒོ་ཁག་གཉིས་ལས་གྲུབ་པ་ཞིག་ཡིན་ཞིང་། “ཕྱི་ལ་སྐྱེལ་བ”དང“ནང་དུ་གདན་འདྲེན་ཞུ་བ”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ས་གནས་དེ་གའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་ཁག་བཞི་པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་འགོ་ཚུགས་པའི་ལོ་ཡིན་པ་དང་། ཁག་བཞི་པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་གིས་མུ་མཐུད་ཁག་སྔོན་མ་གསུམ་གྱི་རྣམ་པ་དང་བླང་བྱ་གཞིར་བཟུང་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འདེམས་སྒྲུག་གསོ་སྐྱོང་བྱེད་པའི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནོར་སྲིད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གསོ་སྐྱོང་གཞི་ཁྱོན་ཆེ་རུ་བཏང་སྟེ། དམིགས་བསལ་གསོ་སྐྱོང་སློབ་མ་ལོ་རེར་120ནས་180བར་མང་དུ་དང་རིགས་གཅིག་མཁས་ཅན་ཞབས་ཞུའི་ཚོགས་པ་ལོ་རེར་དུས་ཐེངས་དང་པོ་ནས་དུས་ཐེངས་གཉིས་བར་མང་དུ་བཏང་ཡོད།

བོད་ཀྱི་དམིགས་བསལ་གསོ་སྐྱོང་ཁག་བཞི་པས་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། ལྗང་མདོག་ཐཱན་ཉུང་། སྐྱེ་དངོས་སོན་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་གཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ། ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ས་མཐོའི་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས། གཏེར་ཁའི་ཐོན་ཁུངས་སོགས་ཁྱབ་ཁོངས་སུ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མིས་བཟོས་རིག་ནུས་དང་གཞི་གྲངས་ཆེན་པོ་སོགས་ལས་རིགས་གསར་པར་དམིགས་ནས་གྲངས་འཛིན་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱ་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་གཙོ་བོ་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་ལ་ཕྱོགས་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོར་བོད་ཀྱི་དམིགས་བསལ་གསོ་སྦྱོང་ལས་དོན་སྒྲིག་འཛུགས་ལག་བསྟར་བྱས་པ་ནས་བཟུང་རིམ་རྩིས་བྱས་ན་ཁག་གསུམ་དང་དུས་ཐེངས་15ལག་བསྟར་བྱས་པ་དང་ཞིང་ཆེན(གྲོང་ཁྱེར)21གི་མཐོ་སློབ་178དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་ཚན་ཞིབ་ཁང་སོགས་ཀྱིས་རིམ་རྩིས་བྱས་ན་རང་ལྗོངས་ལ་ས་གནས་དེ་གའི་ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་1800གསོ་སྐྱོང་བྱས་པ་དེ་ནི་རང་ལྗོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དཔེ་སྟོན་འདུ་འགོད་ཅིག་ཏུ་གྱུར་ཡོད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博