http://zw.xzqnb.cn/Content/weixinlogo.png
ཉེ་ཆར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་གྲོ་མོ་རྫོང་
http://zw.xzqnb.cn/m/content/2024-08/16/000805.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས།

ཁྱེད་ཡོད་པའི་ཕག་རི་དེ་བས་མཛེས་སྡུག་ལྡན།

ཝང་ལིའུ་དབྱི་དང་ཝང་ཆན་དབྱི་ལ་མི་གཉིས་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་པ།

ཀྲུང་གོའི་བདམས་ཐོན་པ་ལི་ཆན་ལ་གསེར་གྱི་རྟགས་མ་ཐོབ་པ།

等待处理…

ཁྱེད་ཡོད་པའི་ཕག་རི་དེ་བས་མཛེས་སྡུག་ལྡན།

2024年08月16日

ཉེ་ཆར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་གྲོ་མོ་རྫོང་ཕག་རི་གྲོང་སྡེ་ཁུལ་བཞི་ཡི་ལས་དོན་རུ་ཁག་གིས་“མཛེས་སྡུག་ལྡན་པའི་སྤྱི་ཆིངས”ཁོར་ཡུག་སྲུང་སྐྱོང་སྲུང་དམག་ཆུང་ཆུང་14སྒྲིག་འཛུགས་བྱས་ནས། དང་བླངས་གྱོན་ཆས་སྔོན་པོ་གྱོན་ཏེ་འོང་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་དུ“ཁྱེད་ཡོད་པས་ཕག་རི་དེ་བས་མཛེས་སྡུག་ལྡན”ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཁོར་ཡུག་སྲུང་སྐྱོང་སྲུང་དམག་ཆུང་ཆུང་ཚོས་གོ་རིམ་ལྡན་པའི་ངང་ཚོགས་ཆུང་བགོས་ཏེ་ལག་ཏུ་གཙང་ཕྱགས་ཡོ་བྱད་དང་གད་སྙིགས་ཁུག་མ་ཁྱེར་ནས་མི་ཚོགས་ཀྱི་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱས་ཏེ་རྩྭ་ཐང་ཐོག་གི་གད་སྙིགས་འཚོལ་བཤེར་བྱས་ནས། རྩྭ་ཐང་སྒང་གི་འགྱིག་རིགས་དང་། ཤོག་སྙིགས། ལྕགས་རིགས་སོགས་གད་སྙིགས་ཡོད་ཚད་ཁུག་མའི་ནང་དུ་བླུགས་ནས་ཁོར་ཡུག་ལ་གཙང་སྦྲ་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཕག་རིའི“འོང་སྐོར་དུས་ཆེན”ནི་གྲོ་མོ་མི་དམངས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་གཡུར་ཟའི་འབྲས་བུ་བསུ་བའི་སྲོལ་རྒྱུན་དུས་ཆེན་ཞིག་དང་གྲོ་མོའི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུན་འཛིན་བྱེད་པ་ཞིག་ཡིན། ལོ་མང་རིང་ཕག་རིའི“འོང་སྐོར་དུས་ཆེན”རྒྱལ་ཁའི་ངང་གཉེར་བ་དེས་གྲོ་མོ་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ནས་ཕག་རི་དང་མཐའ་འཁོར་ས་ཁུལ་གྱི་དངོས་ཟོག་སྤེལ་རེས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།

ཆུ་ཚོད་བཞིའི་རིང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དེས་འོང་སྐོར་དུས་ཆེན་གྱི་ས་གནས་ས་ཐོག་གི་ཁོར་ཡུག་འཕྲོད་བསྟེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། ལོ་14ལ་སླེབས་པའི་སྲུང་དམག་ཆུང་ཆུང་བདེ་སྐྱིད་ཀྱིས་ “ཕག་རིའི་འཕེལ་རྒྱས་ཆེན་པོར་ངས་རོགས་རམ་བྱེད་ཐུབ་ཀྱི་མེད་མོད། འོན་ཀྱང་གད་སྙིགས་ཆུང་ཆུང་མང་པོ་སྒྲུག་ཐུབ་ཀྱི་ཡོད། ཕག་རི་ཧ་ཅང་མཛེས་ལ་གཙང་མ་ཡོད། ཕག་རི་ལ་རྩེད་མོ་རྩེ་བར་ཡོང་རྒྱུའི་རེ་བ་ཡོད”ཅེས་དགའ་སྤྲོའི་ངང་ནས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་འགྱིག་དམ་དང་། འཚོ་བའི་གད་སྙིགས། བེད་མེད་དངོས་པོ་སོགས་གད་སྙིགས་ཁུག་མ་9གཙང་བཤེར་བྱས་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་སུ་ལས་དོན་རུ་ཁག་གིས་སྡེ་ཁུལ་གྱི“ཨུ་ལྷན་གཉིས”དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་གཙང་སྦྲའི་བྱེད་སྒོ་སྣ་ཚོགས་མུ་མཐུད་སྤེལ་ནས། སྡེ་ཁུལ་གྱི་གྲོང་མིར་རང་ཉིད་ནས་འགོ་བཙུགས་པ་དང་ཕྲུ་གུ་ནས་འགོ་བཙུགས་ཏེ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སེམས་སུ་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ཐུབ་པའི་ཁྲིད་སྟོན་བྱས་ཏེ། འཕྲོད་བསྟེན་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ནས་ཐུན་མོང་ཐོག་དཔལ་ཡོན་དང་། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博