http://zw.xzqnb.cn/Content/weixinlogo.png
7ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་སྤྱི་བད
http://zw.xzqnb.cn/m/content/2024-08/02/000783.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མང་ཚོགས་དེ་བས་བདེ་སྐྱིད་ལྡན། མཐའ་སྲུང་དེ་བས་སྲ་ཞིང་བརྟན།

“ཉི་གཞོན་ལྟ་བུའི་གཞོན་ནུ་ཁྲིམས་དང་མཉམ་དུ་སྐྱོད”ཅེས་པའི་2024ལོའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་མའི་ཁྲིམས་སྐྱོང་དབྱར་སྒར་འགོ་ཚུགས་པ།

ཀྲུང་གོའི་བདམས་ཐོན་པ་ལེན་ཅུན་ཅེ་དང་དབྱང་ཧའོ་ཡིས་གསེར་གྱི་རྟགས་མ་བླངས་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།

等待处理…

“ཉི་གཞོན་ལྟ་བུའི་གཞོན་ནུ་ཁྲིམས་དང་མཉམ་དུ་སྐྱོད”ཅེས་པའི་2024ལོའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་མའི་ཁྲིམས་སྐྱོང་དབྱར་སྒར་འགོ་ཚུགས་པ།

2024年08月02日

7ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་སྤྱི་བདེ་ཐིང་གིས་མཉམ་འབྲེལ་ཐོག་གཉེར་བའི“ཉི་གཞོན་ལྟ་བུའི་གཞོན་ནུ་ཁྲིམས་དང་མཉམ་དུ་སྐྱོད”ཅེས་པའི་2024ལོའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་མའི་ཁྲིམས་སྐྱོང་དབྱར་སྒར་གྱི་བྱེད་སྒོ་ལྷ་སར་འགོ་ཚུགས་པ་རེད།

བྱེད་སྒོའི་ནང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་མཉམ་འབྲེལ་ཐོག་ནས་ཁྲིམས་སྐྱོང་སློབ་གསོའི་ཐོན་ཁུངས་སྔོག་འདོན་དང་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ཤིང་། ཆེད་ལས་དགེ་རྒན་གྱིས་མཛུབ་ཁྲིད་བྱས་ཏེ་དབྱིངས་ཞུགས་རྣམ་པའི་སློབ་ཚན་དང་ཕྱེད་དམག་དོན་ཅན་གྱི་དོ་དམ་བྱ་ཐབས་སྤྱད་དེ་ས་གནས་ས་ཐོག་ཏུ་ལྟ་སྐོར་དང་། ཆེད་དོན་འཆད་ཁྲིད། རྨང་གཞིའི་སྦྱོང་བརྡར་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། བཅའ་ཁྲིམས་ཤེས་བྱའི་སློབ་གསོ། སྒྲིག་ཁྲིམས་གསོ་སྐྱོང་སློབ་གསོ། ཉེན་རྟོག་པའི་རྩལ་ནུས་གསོ་སྦྱོང་། སེམས་ཁམས་བདེ་ཐང་གསོ་སྦྱོང་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ནས་སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་ཚོའི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་འདུ་ཤེས་དང་། བདེ་འཇགས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆགས་པར་བྱས་ཡོད།

རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་ཚའེ་ཧྲོའུ་ཁོན་གྱིས། ཁྲིམས་སྐྱོང་དབྱར་སྒར་གྱི་བྱེད་སྒོ་སྤེལ་བ་ནི་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པའི་གཞི་རྟེན་གལ་ཆེན་དང་བྱེད་ཐབས་གལ་ཆེན་ཞིག་ཡིན། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་གཞོན་ནུ་ལོ་ཆུང་གི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཙུགས་ནས་མི་ཚེའི་གོམ་པ་དང་པོ་དེ་ཡག་པོ་སྤོ་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་6ཡིན་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་སློབ་འབྲིང་སློབ་མ་100ཞུགས་ཡོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博