http://zw.xzqnb.cn/Content/weixinlogo.png
འདི་ལོ་ཚུན། ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་དབུལ་སྒྲོལ་མི་འབོར
http://zw.xzqnb.cn/m/content/2024-07/26/000769.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རང་ལྗོངས་ཀྱིས་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ།

ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

2024ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཆུ་ཤུར་ས་ཚིགས་སུ་འགོ་ཚུགས་པ།

རང་ལྗོངས་ཀྱིས་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ།

等待处理…

རང་ལྗོངས་ཀྱིས་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ།

2024年07月26日

འདི་ལོ་ཚུན། ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་མ་ལག་གི་གྲངས་གཞི་ལྟ་འདོམས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་དུས་བཀག་ལས་ཡོལ་ཚད་བརྟན་པོ་མེད་པ་སོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་རྒྱུ་རྐྱེན་ལ་ཞིབ་བཤེར་གཏིང་ཟབ་བྱས་པས། གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཞིང་ལས་གྲོང་གསེབ་པུའུ་འཆར་འགོད་ནོར་དོན་སིའི་བརྡ་ཁྱབ་ནང་མངོན་པར། འདི་ལོའི་ཟླ་བ་གཉིས་པ་ནས་བཞི་པའི་བར་བོད་ཀྱི་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་དུས་བཀག་ལས་ཡོལ་ཚད་ཚང་མ་1%ནང་ཚུན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཟླ་རེའི་བཀོད་གཏོང་ལྟ་ཞིབ་བསྡོམས་རྩིས་གྲངས་གཞི་ནི་རྫོང(ཆུས)ཚན་པར་བྱས་ཏེ་འོག་ནས་གོང་བར་རང་འགུལ་ངང་གྲུབ་པས། མ་ལག་གི་གྲངས་གཞི་དུས་ཐོག་ཏུ་འགོད་མི་ཐུབ་པའམ་ཡང་ན་གྲངས་གཞི་ཐོ་འགོད་བྱེད་སྟངས་ནོར་བའི་གནས་ཚུལ་ཐོན་སླ་བར་དམིགས་ནས། 2024ལོའི་ཟླ་2པ་ནས་བཟུང་། ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་འབྲེལ་མཐུད་དང་འབྲེལ་གཏུག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། རང་སྐྱོང་ལྗོངས་རིམ་པའི་ངོས་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74ཡི་གྲངས་གཞིར་ཞུ་དག་བཏང་བ་དང་། གྲངས་ཉུང་ཡིད་རྟོན་དངུལ་བུན་ལེན་པའི་འབྲེལ་ཡོད་གྲངས་གཞི་དང་མ་ལག་གི་གྲངས་གཞི་ནང་འཇུག་གི་བླང་བྱ་སྔར་བས་ཚད་ལྡན་དུ་བཏང་ནས། གཞི་རིམ་མ་ལག་གི་གྲངས་གཞི་དུས་ཐོག་ཏུ་ཐོ་འགོད་མི་ཐུབ་པའམ་ཡང་ན་གྲངས་གཞི་ཐོ་འགོད་བྱེད་སྟངས་ནོར་བ་སོགས་ཀྱི་གནས་ཚུལ་ཐག་གཅོད་ནུས་ལྡན་བྱས་ཡོད། མ་ལག་གི་གྲངས་གཞིར་ལྟ་འདོམས་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་བརྒྱུད། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་དུས་བཀག་ལས་ཡོལ་ཚད་མངོན་གསལ་དོད་པོས་ཆག་ཡོད་པ་རེད།

ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博