http://zw.xzqnb.cn/Content/weixinlogo.png
ཁང་པའི་ས་ཁྱོན་ལ་སྨི་ངོས་གྲུ་40ལྷག་ཙམ་དང་མཐོ་ཚད་ལ་སྨི་3ལྷག་ཙམ་ཟ
http://zw.xzqnb.cn/m/content/2024-07/19/000755.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རོ་བརྒྱའི་བྲོ་བ་ལྡན་པའི་ཁོ་ཧྥེ་ཁང་འཛུགས་པར་གཞོལ་བ་ཡིན།

ཤེས་དཔལ་བྱང་ཚད་མཐོ་རུ་བཏང་ནས་བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་སྐྲུན་པ།

རང་ལྗོངས་ཀྱིས་གཏོང་སྤྲོད་ཞབས་ཞུ་མུ་མཐུད་ལེགས་སུ་བཏང་ནས་གཏོང་སྤྲོད་སྟབས་བདེ་རང་བཞིན་ཅན་དུ་གྱུར་བ།

等待处理…

གཞོན་ནུ་ལས་གཏོད་པ་ལྷག་པ་བསྟན་འཛིན་གྱིས་བརྗོད་དོན།

རོ་བརྒྱའི་བྲོ་བ་ལྡན་པའི་ཁོ་ཧྥེ་ཁང་འཛུགས་པར་གཞོལ་བ་ཡིན།

2024年07月19日

ཁང་པའི་ས་ཁྱོན་ལ་སྨི་ངོས་གྲུ་40ལྷག་ཙམ་དང་མཐོ་ཚད་ལ་སྨི་3ལྷག་ཙམ་ཟིན་པའི་ཁོ་ཧྥེ་ཁང་དུ་སྐྱོད་སྐབས། ཆེ་ཆུང་མི་གཅིག་རུང་གྲལ་འགྲིག་པོར་བཞག་པའི་ཤིང་གི་སྒྲོག་ཙེ་བརྒྱད་དགུ་ཙམ་དང་། རིང་ཚད་ལ་སྨི་བཞི་ལྔ་ཟིན་པའི་ལས་གཉེར་སྟེགས་བུ་ཐལ་མདོག་ཅན་གཅིག ལས་ལ་བྲེལ་བཞིན་པའི་གཞོན་ནུ་འགའ་བཅས་ཡོད་པ་མཐོང་བྱུང་། ཁོ་ཧྥེ་ཁང་དེའི“རི་རྒྱུད”ཟེར་ཞིང་། མི་རིང་བའི་གོང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ལམ་དུ་གནས་པའི་ལྷ་ས་གྲོང་ཁྱེར་གྱི་མཐའ་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་ནས“རི་རྒྱུད”ཁོ་ཧྥེ་སྤུས་ལེགས་ཁང་གི་འགན་འཁུར་བ་སྟེ། གཞོན་ནུ་ལས་གཏོད་པ་ལྷག་པ་བསྟན་འཛིན་མཐོང་བྱུང་།

ལྷག་པ་བསྟན་འཛིན་ནི་2021ལོའི་ཟླ་དྲུག་པར་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཧྲང་ཧའེ་ཡི་རྒྱལ་སྤྱིའི་ཚོང་དོན་ཀུང་སིའི་ཁོ་ཧྥེ་དང་གྱོན་གོས་གཅིག་འདུས་ཚོང་ཁང་ཞིག་ཏུ་ཁྲོམ་རའི་ཚོང་གཉེར་གྱི་ལས་ཀ་བྱས་ན་བསྡད་པ་དང་། དང་ཐོག་གླ་ཆ་སྒོར་3000ཡས་མས་ནས་རྗེས་སུ་སྒོར་ཁྲི་1ལྷག་ཙམ་བར་འཕར་ལ། མང་བའི་སྐབས་སྒོར་ཁྲི་2ཙམ་ཟིན་གྱི་ཡོད། དངུལ་འདང་ངེས་བསགས་རྗེས་ཕྱིར་ལས་ཀ་བྱས་ནས་ཡུན་རིང་སོང་བའི་ལྷག་པ་བསྟན་འཛིན་ལ་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱ་རྒྱུའི་བསམ་བློ་འཁོར།

2023ལོའི་ཟླ་ལྔ་པར་སེམས་ཐག་བཅད་པའི་ལྷག་པ་བསྟན་འཛིན་གྱིས་གསོག་དངུལ་བཏོན་ནས་བོད་ལྗོངས་རི་རྒྱུད་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་ཤིང་། སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་ཁོང་གིས་ལས་གཏོད་མ་དངུལ་སྒོར་ཁྲི་6རེ་ཞུ་ཐུབ་ནས། རང་སྐྱོང་ལྗོངས་ལས་གཏོད་སྐྱོང་གསོ་དཔེ་སྟོན་རྟེན་གཞི(8848ལས་གཏོད་གླིང)རུ“རི་རྒྱུད”ཁོ་ཧྥེ་སྤུས་ལེགས་ཁང་བཙུགས་ཡོད།

“8848ལས་གཏོད་གླིང”དུ་གཞི་ཁྱོན་མི་འདྲ་བའི་ཁེ་ལས་50ལྷག་ཙམ་ཞུགས་ཡོད་རུང་། སྤྲོ་གསེང་རོལ་རྩེད་དང་ཚོང་དོན་ངོ་འཕྲད་གྲོས་མོལ་བྱ་ཡུལ་གཅིག་ཀྱང་མེད་པས། ལྷག་པ་བསྟན་འཛིན་གྱིས་དེ་ཚོང་གི་གོ་སྐབས་ཤིག་ཏུ་མཐོང་ནས་ཚོང་ཁང་འཛུགས་རྒྱུའི་གདམ་ག་བྱས། ཁོང་གི“རི་རྒྱུད”ཁོ་ཧྥེ་སྤུས་ལེགས་ཁང་གི་མཛེས་བཟོ་བྱེད་སྟངས་དཔེ་གསར་ཡིན་པའི་ཁར་བཏུང་བྱའི་བྲོ་བ་ཞིམ་ལ་གོང་ཡང་ཁེ་པོ་ཡོད་པས་ལས་གཏོད་གླིང་དང་ཉེ་འཁོར་ལས་ཁུངས་སུ་ལས་ཀ་བྱེད་མཁན་གཞོན་ནུས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ལས་གཏོད་གླིང་དུ་མང་ཆེ་བ་ནི་ལས་གཏོད་ཀུང་སི་ཡིན་པར་དམིགས་ནས་ལྷག་པ་བསྟན་འཛིན་གྱིས་ད་དུང་ཁོ་ཧྥེ་ཁང་དུ་བརྙན་འཕྲིན་རིན་མེད་ངང་ལྟ་བའི་འཆར་ཤེལ་ཞིག་བསྒར་ཏེ། ཁེ་ལས་ཁག་གི་དྲིལ་བསྒྲགས་པར་གཞི་རེས་མོས་ངང་སྟོན་གྱི་ཡོད།

ཁོ་ཧྥེ་ཁང་གི་ཚོང་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་བསྟུན་ནས་ལྷག་པ་བསྟན་འཛིན་གྱིས་མཐའ་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་སུ་ཡན་ལག་ཚོང་ཁང་ཞིག་བཙུགས་པར་ཚོང་ཁང་གཉིས་ཀྱི་ཟླ་རེའི་ཚོང་གཉེར་ཡོང་འབབ་ཁྱོན་སྒོར་ཁྲི་30ཡན་ཟིན་གྱི་ཡོད།

ལྷག་པ་བསྟན་འཛིན་གྱིས། ཐོག་མར་ལས་གཏོད་བྱེད་པའི་སྐབས་ང་ལ་སེམས་ཁྲལ་མི་ཉུང་བ་ཞིག་བྱུང་བའི་ཁྲོད་ནས་ཆེ་ཤོས་ནི་ལས་གཏོད་ཀྱི་ཁོར་ཡུག་ཡིན་ཡང་། རྗེས་སུ་ལྷ་སའི་ལས་གཏོད་ཁོར་ཡུག་ཧ་ཅང་ཡག་ཅིང་། ལྷག་པར་དུ་སྲིད་གཞུང་གིས་ལས་གཏོད་ཀྱི་ཆེད་དངུལ་གཏོང་བ་དང་། ལས་ཡུལ་གྱི་བོགས་དངུལ་ཆག་ཡང་གཏོང་བ། དེ་བཞིན་སློབ་ཆེན་སློབ་མ་ལས་ཞུགས་ཀྱི་ཁ་གསབ་སྤྲོད་པ་སོགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཡོད་པ་ཤེས་ནས་ངའི་སེམས་ཤུགས་ཆེན་པོ་བསྐྱེད་བྱུང་ཞེས་བརྗོད།

ཚེ་དབང་ལྷ་མོས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博