http://zw.xzqnb.cn/Content/weixinlogo.png
འདི་ནི་གོ་འཇོ་རྫོང་ཁྲིམས་ཁང་གི་ལས་དོན་པས་སློབ་མར་དུག་འགོག་ཤེ
http://zw.xzqnb.cn/m/content/2024-07/12/000747.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

གཟི་བརྗིད་ལ་གུས་འདུད་ཞུས་ནས་མུ་མཐུད་མདུན་སྐྱོད་བྱེད།

བརྩེ་བ་མཚོ་ལས་ཟབ། མཛེས་པའི་ཁྱིམ་གཞིས་སྐྲུན།

སློབ་གྲྭར་དུག་འགོག་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ།

等待处理…

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས།

སློབ་གྲྭར་དུག་འགོག་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ།

2024年07月12日

འདི་ནི་གོ་འཇོ་རྫོང་ཁྲིམས་ཁང་གི་ལས་དོན་པས་སློབ་མར་དུག་འགོག་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

སློབ་གྲྭར་དུག་འགོག་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དམངས་སྲིད་ཅུས་ཀྱིས་རྫོང་མི་དམངས་ཁྲིམས་ཁང་དང་མཉམ་དུ་རྫོང་ཚོད་ལྟའི་སློབ་ཆུང་དུ་སློབ་གྲྭར་དུག་འགོག་ཤེས་བྱ་དྲིལ་བསྒྲགས་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་གི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། རྫོང་ཁྲིམས་ཁང་གི་ལས་དོན་པས་སློབ་མ་60ལྷག་ཙམ་ལ་དུག་རྫས་ཟེར་བ་གང་ལ་ཟེར་མིན་དང་། དུག་རྫས་ཀྱི་རིགས་དང་གནོད་འཚེ། དུག་རྫས་ཀྱི་བསླུ་བྲིད་འོག་ཏུ་མི་ཚུད་པ་ཇི་ལྟར་བྱེད་དགོས་ཚུལ། རང་ཉིད་དང་ནང་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་ལུགས་སོགས་ཀྱི་ཤེས་བྱ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

དེ་དང་ཆབས་ཅིག གྱོད་དཔེ་དངོས་དྲངས་ནས་འགྲེལ་བཤད་བརྒྱབ་སྟེ། དུག་རྫས་ལ་ངོས་འཛིན་དང་། དུག་རྫས་ལ་འགོག་ཟོན། དུག་རྫས་ལ་ལག་པ་མི་འཆང་བ་བཅས་ཀྱི་སློབ་མ་ཚོའི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས། དུག་འགོག་དྲིལ་བསྒྲགས་སློབ་གསོ་སློབ་མའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད། རྫོང་དམངས་སྲིད་ཅུས་ཀྱི་ལས་དོན་པས་སྤྱོད་ཡོན་གཉིས་ཀ་ཕུལ་དུ་བྱུང་བའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་14ལ་རིན་ཐང་སྒོར་5000ལྷག་ཙམ་རི་བའི་སློབ་སྦྱོང་ཡོ་བྱད་དང་འཚོ་བའི་མཁོ་ཆས་སྤྲད་པ་དང་འབྲེལ། ཁོང་ཚོར་སློབ་སྦྱོང་ཡག་པོ་བྱས་ཏེ་ཕུལ་དུ་བྱུང་བའི་སྦྱངས་འབྲས་ལ་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། “དུག་ རྫས་ལ་ལག་པ་མི་འཆང་བ་དང་དུག་རྫས་གཏན་འགོག་བྱེད་པའི”སློབ་མ་ཚོའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་དམངས་སྲིད་ཁྱིམ་ཚང་ཆེན་པོའི་གཅེས་སྐྱོང་དང་དྲོ་སྐྱིད་ཀྱང་ཚོར་ཐུབ་པར་བྱས་ཡོད།

སྐལ་མཆོག་གིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博