http://zw.xzqnb.cn/Content/weixinlogo.png
ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས“ཉོ་སྒྲུབ་དང་། བོགས་གཏོང
http://zw.xzqnb.cn/m/content/2024-07/12/000741.html
《汉文版》 《藏文版》

第01版:གལ་ཆེའི་གསར་འགྱུར།

ཝང་ཅུན་ཀྲེང་གིས་ཉིང་ཁྲིར་གྲོང་གསེབ་དར་རྒྱས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

ན་ནིང་ནས་བཟུང་ལྷོ་ཁ་གྲོང་ཁྱེར་དུ་འགན་ལེན་རང་བཞིན་གྱི་སྡོད་ཁང་7000ལྷག་ཙམ་བསྐྲུན་ནས་སྤྱོད་འགོ་ཚུགས་པ།

等待处理…

ན་ནིང་ནས་བཟུང་ལྷོ་ཁ་གྲོང་ཁྱེར་དུ་འགན་ལེན་རང་བཞིན་གྱི་སྡོད་ཁང་7000ལྷག་ཙམ་བསྐྲུན་ནས་སྤྱོད་འགོ་ཚུགས་པ།

2024年07月12日

ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས“ཉོ་སྒྲུབ་དང་། བོགས་གཏོང་། ཁྲོམ་ར། འགན་ལེན”བཅས་ཀྱི་སྡོད་ཁང་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྡོད་སའི་ཁང་པ་ཡོད་པ་དང་ལས་བཟོའི་སྡོད་གནས་དོ་སྙོམས་ཡོང་བར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། 2023ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་7000ལྷག་ཙམ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། 2021ལོ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར་4.2བཏང་ནས་ཁུལ་ཆུང་རྙིང་པ་38སྒྱུར་བཀོད་བྱས་པས། ཕྱི་ནས་ཡོང་བའི་ལས་མི་སོགས་གྲོང་མི་གསར་པའི་ཚོགས་སྤྱིའི་སྡོད་ཁང་གི་དཀའ་ངལ་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་སྡོད་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁང་བདག་ཁོངས་ཐོན་ལས་འཁོར་རྒྱུག་བཟང་པོ་དང་འཕེལ་རྒྱས་བརྟན་པོ། སྐྱོན་བྲལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁང་སྤྲོད་འགན་ལེན་དང་། དམངས་འཚོ་འགན་ལེན། འགན་ལེན་བརྟན་པོ་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ལྗོངས་ཡོངས་ཀྱི་སྔོན་དུ་ཁང་སྤྲོད་འགན་ལེན་གྱི་ཆེད་དོན་དངུལ་བུན་སྒོར་ཁྲི་9300རེ་ཞུ་དོན་འཁྱོལ་གྱིས་ས་ཁང་བདག་ཁོངས་རྣམ་གྲངས་གང་མགྱོགས་བསྐྲུན་པར་རྒྱབ་སྐྱོར་བྱས་ཡོད། ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ལྷོ་ཁ་གྲོང་ཁྱེར་གྱི་མ་དངུལ་བསྡུ་སྒྲིལ་གྱིས་རྒྱབ་སྐྱོར་བྱེད་པའི་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི་མིང་ཐོར་ཞིབ་དཔྱད་བྱས་པ་དང་། རྣམ་གྲངས་2ལ་དངུལ་ཁང་གི་ཡིད་རྟོན་དངུལ་གྲངས་སྒོར་དུང་ཕྱུར་1.78རག་ཡོད། སྡོད་ཁང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་ནས་སྡོད་ཁང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི་3575སྤྲད་དེ། སྡོད་ཁང་འཛད་སྤྱོད་ཀྱི་མ་དངུལ་སྒོར་དུང་ཕྱུར་5.65ཟིན་པར་སྐུལ་སྤེལ་ཐུབ་ཡོད། འདི་ལོ་ལྷོ་ཁ་གྲོང་ཁྱེར་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་3500བཀོད་སྒྲིག་བྱས་ནས་རེས་སྐོར་གསར་པའི་སྡོད་ཁང་གི་ཁ་གསབ་སྤྲོད་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་སྔོན་དཔག་ལྟར་ན་དུད་ཚང་470ཙམ་ལ་སྤྲོད་རྒྱུ་ཡིན་པ་རེད།

རིག་རྡོར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博