http://zw.xzqnb.cn/Content/weixinlogo.png
ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་གྱི་ཡུལ
http://zw.xzqnb.cn/m/content/2024-06/21/000704.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་འཚོ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་དཔེ་ལེན་ ལས་དོན་ལེགས་གྲུབ་བྱས་པ།

རྒྱལ་ཡོངས་སློབ་ཆེན་གྱི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སྐབས་བདུན་པར་རང་ལྗོངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

གྲ་ནང་རྫོང་གི་ཞིང་འབྲོག་པ་ཚོགས་པ་བསྒྲིགས་ཏེ་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པ།

等待处理…

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་དཔེ་ལེན་ ལས་དོན་ལེགས་གྲུབ་བྱས་པ།

2024年06月21日

ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་གྱི་ཡུལ་དངོས་བརྟག་དཔྱད་ཐེངས་གསུམ་པའི་དཔེ་ལེན་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ་རེད། དཔེ་ལེན་ལས་དོན་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཉིན་33གྱི་སྔ་སྣུར་དུ་ལྗོངས་ཡོངས་ནས་ས་ཁུལ(གྲོང་ཁྱེར)གྱི་དཔེ་ལེན་ས་ཚིགས་དང་པོ་དེར་བརྟག་དཔྱད་དང་དཔེ་ལེན་ལས་དོན་ལེགས་སྒྲུབ་བྱས་པ་རེད།

ཡུལ་དངོས་བརྟག་དཔྱད་དཔེ་ལེན་བྱེད་པ་ནི་ས་རྒྱུ་ཡོངས་བཤེར་གྱི་ཆེས་རྨང་གཞིའི་འགག་རྩའི་ལྷུ་ཚིགས་ཤིག་རེད་ལ། ཡོངས་བཤེར་གྲུབ་འབྲས་ཀྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་གཏན་འཁེལ་བྱེད་པའི་ལྟེ་བ་ཡང་རེད། 2023ལོའི་ཟླ་11ཚེས་6ཉིན་ལྷོ་བྲག་རྫོང་དུ་ཡུལ་དངོས་བརྟག་དཔྱད་དཔེ་ལེན་གྱི“ཁེམ་དང་པོ”བཙུགས་པ་ནས་བཟུང་། གྲོང་ཁྱེར་དང་རྫོང(ཆུས་དང་གྲོང་ཁྱེར)ཡོངས་ཀྱི“ཡོངས་བཤེར་གསུམ་པའི”གཞུང་དོན་ཁང་གིས་སྤུས་ཚད་ལ་འགན་ལེན་དང་ལག་རྩལ་མཛུབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་ཏེ་ལས་དུས་འཕར་མ་བྱས་པ་དང་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར“བསམ་ཇུས་གཅིག”གི་ལས་ཀའི་རྣམ་པ་ཞིག་ཆགས་པ་མ་ཟད། ད་དུང“ཡོངས་བཤེར་གསུམ་པའི”སྲིད་ཇུས་ཁག་གྲོང་ཚོ(དུད་ཚང)ཚང་མར་དྲིལ་བསྒྲགས་བྱས་ནས་ས་རྒྱུ་ཡོངས་བཤེར་མི་སེམས་སུ་ཟུག་པ་དང་སྤྱི་ཚོགས་ཡོངས་ཀྱིས་ས་རྒྱུ་ཡོངས་བཤེར་ལ་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ལྷ་དབང་དང་ཟླ་ཕུར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博