http://zw.xzqnb.cn/Content/weixinlogo.png
ཟླ་བ་གཉིས་ལྷག་རིང་གི་གུང་གསེང་འཚོ་བར་ཕྱིར་དྲན་བྱས་ཚེ། དོན་དག་
http://zw.xzqnb.cn/m/content/2024-05/17/000654.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སློང་མོ་བ།

༄༅། །ལམ་སྟོན་གྱི་སྒྲོན་མེ།

༄༅། །དོན་སྙིང་ལྡན་པའི་བྱ་བ་ཞིག

等待处理…

༄༅། །དོན་སྙིང་ལྡན་པའི་བྱ་བ་ཞིག

作者 གཡུ་ཆུང་སྒྲོལ་དཀར།
2024年05月17日

ཟླ་བ་གཉིས་ལྷག་རིང་གི་གུང་གསེང་འཚོ་བར་ཕྱིར་དྲན་བྱས་ཚེ། དོན་དག་འདྲ་མིན་སྣ་ཚོགས་འཕྲད་མྱོང་ན་ཡང་དེ་དག་གི་ཁྲོད་དུ་དོན་སྙིང་ལྡན་པའི་བྱ་བ་ནི་ཉུང་ཉུང་ཡིན།

དེ་ཡང་གླེང་རིན་ཡོད་མེད་མི་ཤེས་ཏེ། དགུན་རླུང་འུར་འུར་དུ་ལྡང་ཞིང་། ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་ཉིན་ཞིག་ལ། ཁ་བ་མཐུག་ཅིང་གནམ་ངོ་ཡང་ཤིན་ཏུ་ལོད་པས་འགྲིམ་འགྲུལ་ཉེན་ཁ་འབྱུང་ཉེན་ཆེ། ཁ་ལོ་བ་རྣམས་ཀྱིས་རླངས་འཁོར་ཤིན་ཏུ་དལ་པོའི་ངང་ནས་གཏོང་བཞིན་འདུག

སྐབས་དེར་ང་ཚོའི་གྲོང་ཚོས་གྲོང་མི་རྣམས་གཞུང་ལམ་ཐོག་ཏུ་ཐལ་བ་གཤོ་དགོས་པའི་སྒྲིག་འཛུགས་བྱས་སོང་། ང་རང་ཡང་བྱེད་སྒོ་དེའི་ནང་མཉམ་ཞུགས་བྱེད་རྒྱུའི་གྲ་སྒྲིག་བྱས། དེ་ཉིན་གནམ་གཤིས་ནི་ཁ་བ་འབབ་ཅིང་བུ་ཡུག་འཚུབ་པ་དང་། དགུན་གྱི་རླུང་བུ་གྲང་ཤུར་ཤུར་དུ་ལྡང་བས་མི་རྣམས་ཀྱི་ངོ་གདོང་ལ་བཟོད་དཀའ་བའི་གྲང་ཟུག་ཐེབས། ནམ་རྒྱུན་ནས་ཁ་ཁུ་སིམ་པའི་གྲོང་ཚོ་ཆུང་ཆུང་དེ་ཁ་བའི་འོག་ཏུ་སྔར་བས་ཁུ་སིམ་པར་གྱུར་པ་དང་། གྲོང་ཚོའི་མཐའ་སྐོར་གྱི་རི་ཐང་མེད་པར་ཁ་བས་གཡོགས་པས། ཁྱིམ་ནང་གི་སྒོ་ཕྱུགས་ཀྱང་ཕྱི་རུ་རྩྭ་སར་གློད་ཐབས་བྲལ། མི་རྣམས་དོན་གལ་ཆེན་མེད་ན་ཕྱི་རུ་ཐོན་པ་ཡང་ཉུང་ཉུང་ཡིན།

ངས་ཚ་སོབ་སོབ་ཀྱི་ཇ་མངར་མོ་ཕོར་པ་གང་བཏུང་ཚར་རྗེས་སྤོ་བོ་དང་ངེད་གཉིས་གཞུང་ལམ་ཐོག་ཏུ་ཐལ་ལྷབ་རྒྱག་པར་སོང་བ་ཡིན། གངས་དང་འཁྱགས་པས་བཏུམས་པའི་གཞུང་ལམ་ཐོག་ཐལ་ལྷབ་རྒྱག་མཁན་གྱི་མི་ཧ་ཅང་མང་པོ་འདུག་ཅིང་། དུས་ཡུན་རིང་པོ་མ་ཕྱིན་པར་དར་དཀར་ཡུག་གཅིག་ཏུ་འཐེན་པ་ལྟ་བུའི་གཞུང་ལམ་དེ་ནག་ཐིང་ངེར་བསྒྱུར། དེ་ནས་ང་ཚོ་ཁྱིམ་དུ་ལོག་པ་དང་། ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་གཞུང་ལམ་ཡོངས་རྫོགས་སྣུམ་ཤིག་ཤིག་ཏུ་གྱུར་པས་སེམས་ནང་དུ་བྱ་བ་ཆེན་པོ་ཞིག་འགྲུབ་པའི་སྤྲོ་སྣང་གིས་ཁེངས། དེ་ནི་ད་ལོའི་གུང་གསེང་རིང་གི་དོན་སྙིང་ལྡན་ཤོས་ཀྱི་བྱ་བ་དེ་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博