http://zw.xzqnb.cn/Content/weixinlogo.png
ལྔ་བཞི་གཞོན་ནུའི་དུས་ཆེན་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་
http://zw.xzqnb.cn/m/content/2024-05/10/000627.html
《汉文版》 《藏文版》

第01版:གལ་ཆེའི་གསར་འགྱུར།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར་ཕོད་པའི་ལང་ཚོའི་གཏམ་རྒྱུད་ཧུར་ཐག་རྩོམ་དགོས།

ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཞོན་ནུ་སློབ་མའི་འཐུས་མི་དང་སྤེལ་རེས་བཞུགས་མོལ་གནང་བ།

等待处理…

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞོན་ནུར་རེ་བཅོལ་བཀའ་སློབ་གནང་སྐབས་ནན་བཤད་གནང་དོན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར་ཕོད་པའི་ལང་ཚོའི་གཏམ་རྒྱུད་ཧུར་ཐག་རྩོམ་དགོས།

རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ།

2024年05月10日

ལྔ་བཞི་གཞོན་ནུའི་དུས་ཆེན་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་ནས་ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་ཁག་དང་ཕྱོགས་གང་ས་ཅི་ཐད་ནས་གདོང་དམག་དང་སྟོབས་ཤུགས་གསར་པ་བྱེད་ཕོད་པ་བྱས་ཏེ། རང་རྟོན་རང་དར་དང་ཡར་ཐོན་ཞུམ་མེད་ཀྱི་སྙིང་སྟོབས་ལྡན་ལ་བྱས་རྗེས་འཇོག་ཕོད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་གཞོན་ནུར་ཡིད་ཆེས་ཆེན་པོ་དང་རེ་བ་ཆེན་པོ་བཅོལ་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་105འཁོར་བའི་ལོ་ཞིག་རེད། རྒྱ་ཆེའི་གཞོན་ནུས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་རིང་ལང་ཚོའི་བྱས་རྗེས་འཇོག་པ་དང་། ལང་ཚོའི་ཉམས་འགྱུར་མངོན་པ། ལང་ཚོའི་སྟོབས་ཤུགས་འབུལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར་ཕོད་པའི་ལང་ཚོའི་གཏམ་རྒྱུད་ཧུར་ཐག་རྩོམ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གིས་གཞོན་ནུའི་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞོན་ནུའི་འཚར་ལོངས་ལ་སེམས་ཁུར། རྒྱ་ཆེའི་གཞོན་ནུས་བྱས་རྗེས་འཇོག་པ་དང་བྱ་གཞག་སྒྲུབ་པར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གིས་དཀྲིས་པའི་ལས་འགན་ཕྲག་ཏུ་ཁུར་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རྒྱ་ཆེའི་གཞོན་ནུར་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་བསྒྲིལ་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས།

ཆོས་བཟང་གིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博